སྲིད་སྐྱོང་མཆོག་གིས་སྦེལ་ཇེམ་གྲོས་ཚོགས་ཀྱི་འཐུས་མི་དང་མཇལ་མོལ།

2018-01-22
གློག་འཕྲིན།
མཆན།
Share
པར་བཀོད།
སྲིད་སྐྱོང་མཆོག་གིས་སྦེལ་ཇེམ་གྱི་བོད་མི་ཚོར་གཏམ་བཤད་གནང་བཞིན་པ། ༢༠༡༨།༡།༢༡
སྲིད་སྐྱོང་མཆོག་གིས་སྦེལ་ཇེམ་གྱི་བོད་མི་ཚོར་གཏམ་བཤད་གནང་བཞིན་པ། ༢༠༡༨།༡།༢༡
sikyong/FB

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་སྦེལ་ཇམ་ཕྷེལེ་མིཤ་ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་དང་མཇལ་འཕྲད་གནང་ཡོད་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་(Switzerland)་ནས་ཟླ་འདིའི་ཕྱི་ཚེས་ ༢༡ རེས་གཟའ་ཉི་མ་ཡོ་བོར་མཉམ་འབྲེལ་སྒྲིག་འཛུགས་དང་ཡོ་རོབ་གྲོས་ཚོགས་ཀྱི་ལྟེ་གནས་སྦེལ་ཇམ་ས་གནས་སུ་ཕེབས་འབྱོར་བྱུང་ཡོད་པ་དང་། ཚེས་༢༢་ཉིན་བོད་དོན་ཐད་ཡུན་རིང་རྒྱབ་སྐྱོར་གནང་མཁན་སྦེལ་ཇམ་བྱང་ཕྱོགས་ཁུལ་གྱི་གཙོ་བོ་ Dutch གྱི་སྐད་བརྒྱབ་མཁན་ ཕྷེལེ་མིཤ་ (Flemish) ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ་ ཡཱན་པེའུ་མནསི་ Jan Peumans མཆོག་དང་མཇལ་འཕྲད་གནང་འདུག།  སྐུ་ཞབས་ པེའུ་མནསི་ནི་རྒྱུན་རིང་བོད་དོན་ཐད་རྒྱབ་སྐྱོར་ཆེན་པོ་གནང་མཁན་ཞིག་ཡིན་པ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བྷེལ་ཇམ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད་པ་རེད།
སྲིད་སྐྱོང་མཆོག་གིས་སྤྱི་ཚེས་༢༡་ཉིན་གྱི་དགོང་མོར་སྦེལ་ཇམ་དུ་ཕེབས་འབྱོར་རྗེས་ས་གནས་བོད་རིགས་མང་ཚོགས་སྤྱི་དང་། ཧོ་ལན་ཌི་ (Holland)་ བོད་རིགས་ཚོགས་པའི་འགན་འཛིན་བཅས་ལ་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ཀྱི་གལ་གནད་སྐོར་དང་། རྒྱ་ནག་གཞུང་གིས་འགལ་རྐྱེན་སྣ་ཚོགས་ཤིག་བཟོས་མིན་ལ་མ་ལྟོས་པར་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་བཀའ་ཤག་དང་བོད་མིའི་སྒྲིག་འཛུགས་ལ་བརྩི་བཀུར་དང་ཆེ་མཐོང་བྱེད་ཀྱི་ཡོད་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་མདུན་བསྐྱོད་ཀྱིས་བོད་དོན་རྒྱལ་སྤྱིའི་སྡིངས་ཆ་སྟེང་སླེབས་ཐུབ་རྒྱུར་ཞབས་ཞུ་སྒྲུབ་བཞིན་ཡོད་པ་གསུངས་འདུག
ཕྱི་ཚེས་ ༢༣ ཉིན་སྲིད་སྐྱོང་བློ་བཟང་སེངྒེ་ལགས་ནས་ཡོ་རོབ་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་མི་ཁག་དང་མཇལ་འཕྲད་གནང་རྒྱུ་དང་། ། དབུ་མའི་ལམ་ཀྱི་སྐོར་གཏམ་བཤད་གནང་རྒྱུའི་མཛད་འཆར་ཡོད་འདུག་ཅིང་། ། དེ་བཞིན་ཡོ་རོབ་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་ཚོགས་འདུ་སོགས་ཀྱི་མཛད་འཆར་ཡོད་ཅིང་།  ཕྱི་ཚེས་ ༢༤ ཉིན་སྦེལ་ཇམ་ནས་ཕྷརན་སིའི་རྒྱལ་ས་པེ་རིསི་རུ་ཕེབས་ཐོན་གནང་རྒྱུ་ཡིན་འདུག།
ད་རེས་སྲིད་སྐྱོང་མཆོག་སུད་སི་དང་སྦེལ་ཇམ་དུ་ཕེབས་སྐབས་བོད་མི་ཁག་ཅིག་གིས་སྲིད་དབང་སྒེར་གཅོད་མི་འོས་པ་དང་། ཁྲིམས་ཀྱིས་སྐྱོང་བའི་ལམ་ལུགས་སྲུང་སྐྱོབ་ཞེས་སོགས་ཀྱི་འཕྲེད་དར་འཁྱེར་ནས་ངོ་རྒོལ་བྱེད་མཁན་ཡང་བྱུང་ཡོད་པ་རེད།

གསར་འགོད་པ་གུ་རུ་ཆོས་སྐྱིད།

མཆན། (0)
Share
དྲ་གནས་ཆ་ཚང༌།