སྲིད་སྐྱོང་མཆོག་གིས་བོད་རང་བཙན་རྩོད་ཀྱི་མེད་པ་ནན་བརྗོད་གནང་འདུག

2019-06-07
གློག་འཕྲིན།
མཆན།
Share
པར་བཀོད།
ཁེ་ཎ་ཊའི་གྲོས་ཚོགས་ནང་ཉན་ཞིབ་སྐབས། ༢༠༡༩།༦།༦
ཁེ་ཎ་ཊའི་གྲོས་ཚོགས་ནང་ཉན་ཞིབ་སྐབས། ༢༠༡༩།༦།༦
OOTDC

བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་བོད་རང་བཙན་རྩོད་ཀྱི་མེད་པ་ཁེ་ཎ་ཊའི་གྲོས་ཚོགས་ནང་ཉན་ཞིབ་སྐབས་ནན་བརྗོད་གནང་འདུག
འདི་ཚེས་༦་ཉིན། ཁེ་ཎ་ཊའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་རྒྱལ་སྤྱིའི་ཚོང་དོན་ལས་ཁང་གིས་གདན་ཞུས་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ནས་གྲོས་ཚོགས་ནང་ད་ལྟའི་བོད་དོན་གནས་སྟངས་སྐོར་སོགས་ངོ་སྤྲོད་གནང་ཡོད་པ་དང་། སྐབས་དེར་ཁོང་གིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་བོད་ནང་ཆེས་མཐོའི་རང་སྐྱོང་ཀྱི་ཐོབ་ཐང་ཡོང་ཐབས་གནང་གི་ཡོད་པ་ལས་རང་བཙན་རྩོད་གནང་གི་མེད་པ་ནན་བརྗོད་གནང་ནས། བོད་དོན་དཀའ་གནད་སེལ་ཐབས་སུ་དབུ་མའི་ལམ་གྱི་སྲིད་བྱུས་འོག་རྒྱ་ནག་དང་གྲོས་མོལ་གྱི་ལམ་ནས་སེལ་ཐབས་གནང་རྒྱུ་ཁོ་ནར་བརྟེན་དགོས་ཀྱི་ཡོད་པ་གསུངས་ཏེ་ཁེ་ཎ་ཊ་གཞུང་གིས་རྒྱ་ནག་གཞུང་དང་གྲོས་མོལ་ཡོངས་ཐབས་སུ་རྒྱབ་སྐྱོར་གནང་རྒྱུའི་འབོད་སྐུལ་ཞུས་གནང་ཡོད་པ་རེད།
དེ་བཞིན་ཉེ་ཆར་ཁེ་ཎ་ཊའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་(Thanh hai Ngo)ཡིས་གྲོས་ཚོགས་གོང་མའི་ནང་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཟུང་ནས་བོད་རྒྱ་འབྲེལ་མོལ་སླར་གསོ་ཡོང་ཐབས་སུ་ཁེ་ཎ་ཊ་གཞུང་གིས་རྒྱབ་སྐྱོར་གནང་དགོས་པ་དང་། དེ་བཞིན་བོད་ནང་གི་ད་ལྟའི་དངོས་ཡོད་གནས་སྟངས་ཤེས་རྟོགས་ཐུབ་རྒྱུའི་ཆེད་ཁེ་ཎ་ཊའི་ཕྱི་འབྲེལ་དཔོན་རིགས་བོད་ནང་གཏོང་དགོས་རྒྱུ་རྒྱ་ནག་གཞུང་ལ་བཀའ་མོལ་གནང་དགོས་པ་སོགས་ནང་དོན་འཁོད་པའི་གྲོས་གཞི་བཏོན་གནང་ཡོད་པར། སྲིད་སྐྱོང་མཆོག་ནས་བསྔགས་བརྗོད་ཞུས་གནང་ཡོད་པ་རེད།
ཁེ་ཎ་ཊའི་གྲོས་ཚོགས་གོང་མའི་ཉན་ཞིབ་ཐོག་གྲོས་ཚོགས་ཀྱི་འཐུས་མིའི་དྲི་བར་སྲིད་སྐྱོང་མཆོག་གིས་ལན་འདེབས་གནང་བའི་ནང་། རྒྱ་ནག་གཞུང་གིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་པའི་རྗེས་བོད་ནང་གི་དགོན་སྡེ་བརྒྱ་ཆ་དགུ་བཅུ་གོ་གྲངས་ལ་གཏོར་སྐྱོན་བཏང་ཡོད་པ་མ་ཟད། བོད་མི་ཚོའི་ཆོས་དད་རང་དབང་ཐོག་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་པའི་ཁར། དམིགས་བསལ་ཉེ་བའི་ལོ་ངོ་ཁ་ཤས་ནང་དམ་དྲག་བཀག་སྡོམ་བྱེད་ཤུགས་ཆེ་རུ་གཏོང་བཞིན་ཡོད་པའི་སྐོར་དང་། དེ་བཞིན་ཉེ་བའི་ཆར་མི་ཁ་ཤས་ཀྱིས་ཁེ་ཎ་ཊའི་ནང་བོད་པའི་ཚོགས་པ་གསར་བ་ཞིག་བཙུགས་པའི་གནད་དོན་ཐད་ཚོགས་པ་དེ་ནི་ཁེ་ཎ་ཊའི་ནང་ཡོད་པའི་བོད་མི་རྒྱ་ཆ་༩༩ས་ངོས་ལེན་མེད་པའི་ཚོགས་པ་ཞིག་ཡིན་ལུགས་སོགས་ལན་འདེབས་གནང་ཡོད་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།