བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ཁེ་ན་ཌར་ཕེབས་འབྱོར།

2018-06-12
གློག་འཕྲིན།
མཆན།
Share
པར་བཀོད།
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ཁེ་ན་ཌར་ཕེབས་འབྱོར་སྐབས། ༢༠༡༨།༦།༡༡
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ཁེ་ན་ཌར་ཕེབས་འབྱོར་སྐབས། ༢༠༡༨།༦།༡༡
sikyong/fb

ཀེ་ན་ཌ་གཞུང་དམངས་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ཆེད་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་རྒྱལ་ས་ཨོ་ཊ་ཝར་ཕེབས་འབྱོར་གནང་འདུག
སྲིད་སྐྱོང་བློ་བཟང་སེངྒེ་ལགས་དང་སྤྱི་འཐུས་ཀྱི་སྐུ་ཚབ་ཚོགས་མི་ཁག་གཅིག་ཕྱི་ཟླ་༦ཚེས་༡༡ ཉིན་ཀེ་ན་ཌའི་གཞུང་དམངས་གཉིས་ནས་འདས་པའི་དུས་ཡུན་རིང་པོའི་རིང་བོད་དོན་དང་བོད་མི་ཚོར་རོགས་སྐྱོར་ཐུགས་འཁུར་ཆེན་པོ་གནང་པར་ཐུགས་རྗེ་ལེགས་གསོལ་ཞུ་བའི་མཛད་སྒོར་མཉམ་ཞུགས་ཆེད་ཁེ་ན་ཌའི་རྒྱལ་ས་(Ottawa) ཕེབས་འབྱོར་གནང་འདུག
ཕྱི་ཟླ་༦པའི་ཚེས་༡༢ཉིན་(Canada Tibet Committee)འམ་ཁེ་ན་ཌའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། ཁེ་ན་ཌའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ། བྱང་ཨ་རི་སྐུ་ཚབ་དོན་གཅོད་ཁང་བཅས་ཀྱི་གོ་སྒྲིག་དང་། (Ontario)ས་གནས་བོད་རིགས་མཐུན་ཚོགས་དང་། (Ottawa)བོད་རིགས་སྤྱི་མཐུན་ཚོགས་པས་མཐུན་འགྱུར་འོག་(Parliament Hill)ཁེ་ན་ཊའི་གྲོས་ཚོགས་ཀྱི་ཚོགས་ཁང་ནང་། ཁེ་ན་ཌ་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་དངོས་གཞི་དེ་འཚོགས་རྒྱུ་ཡིན་པ་རེད།
གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། དབུས་བོད་མིའི་སྒྲིག་འཛུགས་ཀྱི་བོད་མི་ཡོངས་ཀྱི་ཚབ་ཞུས་ནས་ཀེ་ན་ཌའི་གཞུང་ལ་དམིགས་བསལ་ཕྱག་རྟགས་ཤིག་ཀྱང་འབུལ་རྒྱུ་ཡིན་པ་དེ་ཀེ་ན་ཌའི་ཡུལ་གྱི་བློན་ཆེན་ཞིག་ནས་བཞེས་རྒྱུ་ཡིན་འདུག་ཅིང་།  
ད་རེས་ཀྱི་གོ་སྐབས་དང་བསྟུན་ཁེ་ན་ཌའི་བོད་དོན་རྒྱབ་སྐྱོར་ཚོགས་པས་གོ་སྒྲིག་འོག་ཀེ་ན་ཌའི་གྲོས་ཚོགས་ནང་བོད་དོན་ཞུ་གཏུག་(Tibet Lobby day)བོད་དོན་ཞུ་གཏུགས་ཀྱི་ལས་དོན་ཞིག་ཀྱང་སྤེལ་རྒྱུ་ཡིན་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

མཆན། (0)
Share
དྲ་གནས་ཆ་ཚང༌།