སྲིད་སྐྱོང་མཆོག་དང་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་རྣམ་གཉིས་མཇལ་འཕྲད།


2018-01-09
Share
སྲིད་སྐྱོང་མཆོག་དང་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་རྣམ་གཉིས་མཇལ་འཕྲད་སྐབས། ༢༠༡༨།༡།༩ སྲིད་སྐྱོང་མཆོག་དང་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་རྣམ་གཉིས་མཇལ་འཕྲད་སྐབས། ༢༠༡༨།༡།༩
RFA

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གསར་པ་དང་མཇལ་འཕྲད་གནང་ཡོད་འདུག
སྤྱི་ཚེས་དགུའི་ཉིན་གྱི་སྔ་དྲོར།བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་རྣམ་གཉིས་ཀྱིས། ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཇཡི་རཱམ་ཁྲཱ་ཀུར་མཆོག་གཙོ་བྱས་པའི་བློན་ཆེན་ལྔ་དང་མཇལ་འཕྲད་ཀྱིས་སྐུ་ཞབས་ ཁྲཱ་ཀུར་མཆོག་གི་གཞུང་དང་གཞུང་འཛིན་(BJP)ཆབ་སྲིད་ཚོགས་པར་འཚམས་འདྲི་གནང་ཡོད་འདུག
མཇལ་འཕྲད་གྲུབ་རྗེས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསར་འགོད་པར་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གསར་པ་སྐུ་ཞབས་ཇཡི་རཱམ་ཁྲཱ་ཀུར་མཆོག་ལ་རྒྱ་གར་གཞུང་མང་གཉིས་ནས་བོད་དོན་ཐོག་མཐུན་འགྱུར་ཧ་ལས་པའི་ཆེན་པོ་གནང་པ་དང་། དམིགས་བསལ་ཧི་མཱ་ཅལ་མངའ་སྡེ་འདི་ནི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་སྒར་དང་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་སོགས་ཡིན་སྟབས་ད་བར་ཧི་མ་ཅཱལ་མངའ་སྡེའི་གཞུང་རིམ་པ་དང་མི་དམངས་ཀྱིས་རྒྱབ་སྐྱོར་ལྷོད་མེད་གནང་པར་ཐུགས་རྗེ་ཆེ་ཞུས་གནང་ཡོད་པ་འགྲེལ་བརྗོད་གནང་འདུག་ལ།  ཧི་མ་ཅཱལ་མངའ་སྡེའི་གཞུང་གསར་པས་རྒྱབ་སྐྱོར་མུ་འཐུད་གནང་རྒྱུར་ཡིད་ཆེས་ཡོད་ཅེས་གསུངས་འདུག
ད་དུང་སྲིད་སྐྱོང་མཆོག་གིས་  གསར་དུ་འདེམས་ཐོན་བྱུང་བའི་ཧི་མ་ཅཱལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གསར་པ་སྐུ་ཞབས་ ཇཡི་རཱམ་ ཁྲཱ་ཀུར་  མཆོག་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྡ་སར་ཕྱིར་ཞབས་སོར་འཁོད་གྲུབ་རྗེས་མཇལ་ཁར་བཅར་རྒྱུ་ཡིན་པ་གསུངས་འདུག
ཧི་མ་ཅཱལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དང་གྲོས་ཚོགས་ཀྱི་འཐུས་མི་རྣམས་རྡ་རམ་ས་ལར་དགུན་དུས་གྲོས་ཚོགས་ཐོག་ཕེབས་ཡོད་ཅིང་།  དེ་རིང་ཕྱི་ཟླ་ ༡ ཚེས་ ༩ ནས་འགོ་བཙུགས་གནང་པའི་གྲོས་ཚོགས་འདི་ནི་ཉེ་ཆར་མངའ་སྡེའི་ནང་འོས་བསྡུ་གཉེར་ཏེ་ སྦི་ཇེ་པི་སྲིད་དོན་ཚོགས་པར་རྒྱལ་ཁ་ཐོབ་པའི་རྗེས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོ་དེ་ཡིན་པ་རེད།  

གསར་འགོད་པ་ཀེ་ཐོ་དང་སྐལྡན་བློ་གྲོས།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།