སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཨ་རིའི་རྒྱལ་སར་ཕེབས་འབྱོར།

2019-05-21
གློག་འཕྲིན།
མཆན།
Share
པར་བཀོད།
སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཨ་རིའི་རྒྱལ་སར་ཕེབས་འབྱོར་སྐབས། ༢༠༡༩།༥།༢༡
སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཨ་རིའི་རྒྱལ་སར་ཕེབས་འབྱོར་སྐབས། ༢༠༡༩།༥།༢༡
OOT/DC

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཨ་རིའི་ནང་གཞུང་འབྲེལ་ལས་དོན་ཆེད་ཨ་རིའི་རྒྱལ་སར་ཕེབས་འབྱོར་བྱུང་འདུག
དེ་ཡང་སྲིད་སྐྱོང་མཆོག་ཕྱི་ཟླ་ ༥ ཚེས་༢༠རེས་གཟའ་ཟླ་བའི་ཉིན། ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ནས་ཨ་མི་རི་ཀའི་རྒྱལ་ས་ཝ་ཤིང་ཊོན་དུ་ཕེབས་འབྱོར་བྱུང་འདུག་ཅིང་།
བྱང་ཨ་རིའི་སྐུ་ཚབ་གཅོད་དངོས་གྲུབ་ཚེ་རིང་ལཊ་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ་གསུངས་པར་གཞིགས་ན། ཕྱི་ཚེས་༢༡་ཉིན་སྲིད་སྐྱོང་མཆོག་ཨ་རི་གཞུང་གི་རོགས་སྐྱོར་སྡེ་ཚན་གྱི་ཚོགས་འདུར་མཉམ་ཞུགས་གནང་རྒྱུ་དང་། དེའི་རྗེས་སུ་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་འབྲེལ་ཡོད་དང་མཉམ་དུ་ཚོགས་འདུ་ཚོགས་རྗེས་ཐད་ཀར་ཁེ་ན་ཌར་ཕྱོགས་ཕེབས་གནང་རྒྱུ་ཡིན་འདུག  དེ་རྗེས་ནིའུ་མེཀ་སེ་ཁོ་གཞི་རིམ་འཛིན་གྲྭ་བཅུ་གཉིས་པའི་སློབ་ཐོན་མཛད་སྒོའི་སྐུ་མགྲོན་དུ་ཕེབས་རྒྱུ་དང་། ཕྱི་ཟླ་ ༦ ཚེས་ ༢ ནིའུ་ཡོཀ་ནང་གི་བོད་མིའི་སྤྱི་ཁང་དབུ་འབྱེད་མཛད་སྒོའི་སྐུ་མགྲོནདུ་གདན་ཞུ་གནང་བ་ལྟར་ཕེབས་གཏན་འཁེལ་ཡོད་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།