སྲིད་སྐྱོང་མཆོག་ཨ་རིའི་གྲོས་ཚོགས་གོང་འོག་གི་འཐུས་མི་ཁག་ཅིག་དང་མཇལ་འཕྲད།

2018-11-15
གློག་འཕྲིན།
མཆན།
Share
པར་བཀོད།
སྲིད་སྐྱོང་མཆོག་ཨ་རིའི་གྲོས་ཚོགས་གོང་འོག་གི་འཐུས་མི་ཁག་ཅིག་དང་མཇལ་འཕྲད། 2018/11/15
སྲིད་སྐྱོང་མཆོག་ཨ་རིའི་གྲོས་ཚོགས་གོང་འོག་གི་འཐུས་མི་ཁག་ཅིག་དང་མཇལ་འཕྲད། 2018/11/15
tibet.net

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་ཨ་རིའི་རྒྱལ་སའི་ནང་གྲོས་ཚོགས་གོང་འོག་གི་འཐུས་མི་ཁག་གཅིག་དང་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་འདུག
དེ་ཡང་ཚེས་༡༤ཉིན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་དང་། བོད་དོན་རྒྱབ་སྐྱོར་བ་ལྕམ་སྐུ་(Illean Ros-Lehtinen)ལྷན་དུ་འཚམས་འདྲིའི་མཇལ་འཕྲད་གནང་སྟེ། ལྕམ་སྐུ་མཆོག་ནས་ལོ་ངོ་༣༠ཙམ་རིང་བོད་དོན་ལ་རྒྱབ་སྐྱོར་ལྷོད་མེད་གནང་བར་ཐུགས་རྗེ་ལེགས་གསོལ་ཞུས་གནང་འདུག  ལྕམ་སྐུ་(Lehtinen)་མཆོག་འཆར་ལོའི་ནང་གྲོས་ཚོགས་ནས་བགྲེས་ཡོལ་དུ་ཕེབས་གཏན་འཁེལ་ཡོད་པ་རེད། དེ་བཞིན་སྲིད་སྐྱོང་མཆོག་ནས་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་ལས་བྱེད་༡༡ལྷན་དང་བགྲོ་གླེང་གནང་འདུག་ལ་བགྲོ་གླེང་དེ་བཞིན་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་(Patrick Leahy)མཆོག་གི་སློབ་སྟོན་པ་བོད་རིགས་ཉི་མ་བྷེ་ན་ར་ལགས་ཀྱིས་གོ་སྒྲིག་ཞུས་འདུག
གཞན་ཡང་སྲིད་སྐྱོང་མཆོག་ནས་གྲོས་ཚོགས་ནང་བོད་དོན་ཞུ་སྐུལ་གྱི་ལས་འགུལ་ནང་ དམངས་གཙོ་ཚོགས་པའི་གྲོས་ཚོགས་ཀྱི་དབུ་འཁྲིད་ལྩམ་(Nancy Pelosi)མཆོག་གི་ཁྲིམས་བཟོའི་མཐོ་རིམ་ལས་བྱེད་(Reva Price)ལགས་དང་མཇལ་འཕྲད་ཀྱིས་ཨ་རིའི་གྲོས་ཚོགས་ཐོག་ནས་བོད་ནང་སྤྱི་དམངས་དང་ཆབ་སྲིད་ཀྱི་རང་དབང་གོང་འཕེལ་ཆེད་གནོན་ཤུགས་ཀྱི་རྒྱབ་སྐྱོར་ཞུ་རྒྱུའི་དོན་ཚན་ཁག་ཅིག་གི་ཐོག་བཀའ་བསྡུར་གནང་འདུག
ཉིན་རྒྱབ་སྲིད་སྐྱོང་བློ་བཟང་སེང་གི་མཆོག་གིས། (USAID)འམ་ཨ་རིའི་རོགས་སྐྱོར་ལྷན་ཁང་གི་མཐོ་རིམ་ལས་བྱེད་ཁག་ཅིག་དང་མཇལ་འཕྲད་གནང་སྟེ་ལྷན་ཁང་དེས་རྒྱ་གར་དང་།  བལ་ཡུལ་གཉིས་སུ་བོད་མི་བཙན་བྱོལ་བའི་བདེ་སྡུག་ལ་རོགས་ཕན་གནང་བར་ཐུགས་རྗེ་ལེགས་གསོལ་ཞུས་གནང་འདུག
སྲིད་སྐྱོང་མཆོག་གི་ཨ་རིའི་རྒྱལ་སའི་ནང་ཕྱོགས་ཕེབས་ཀྱི་ཉིན་མཐའ་མ་ཚེས་༡༥་ཉིན་གྲོས་ཚོགས་གོང་འོག་གི་མཐུས་མི་ཁག་ཅིག་ལ་མཇལ་འཕྲད་གནང་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

མཆན། (0)
Share
དྲ་གནས་ཆ་ཚང༌།