དབུ་མའི་ལམ་གྱི་སྲིད་བྱུས་ནི་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་སྲིད་བྱུས་ཡིན།

2018-01-25
གློག་འཕྲིན།
མཆན།
Share
པར་བཀོད།
སྲིད་སྐྱོང་མཆོག་གིས་ཡོ་རོབ་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་ནང་གཏམ་བཤད་གནང་རྗེས། ༢༠༡༨།༡།༢༣
སྲིད་སྐྱོང་མཆོག་གིས་ཡོ་རོབ་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་ནང་གཏམ་བཤད་གནང་རྗེས། ༢༠༡༨།༡།༢༣
sikyong/FB

སྲིད་སྐྱོང་མཆོག་གིས་ཡོ་རོབ་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་ལ་བོད་དོན་སྐོར་གསལ་འདོན་གཏམ་བཤད་གནང་འདུག
དེ་ཡང་ཕྱི་ཟླ་ ༡ ཚེས་ ༢༣ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཡོ་རོབ་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་ལ་ད་ལྟའི་བོད་ནང་གི་གནས་སྟངས་སྐོར་གསལ་འདོན་གནང་ཡོད་པ་དང་། སྲིད་སྐྱོང་མཆོག་གིས། ཉེ་ཆར་ཡོ་རོིབ་གྲོས་ཚོགས་སུ་བོད་དོན་དང་འབྲེལ་བའི་གྲོས་ཆོད་བཞག་པ་དེས་རྒྱ་ནག་གཞུང་ལ་བརྡ་ལན་གསལ་བོ་ཞིག་སྤྲད་ཡོད་པ་ངོས་འཛིན་དང་འབྲེལ་ནས་ཡོ་རོབ་གྲོས་ཚོགས་ནས་འགྲོ་བ་མིའི་ཐོབ་ཐང་རིན་ཐང་གཙུགས་སུ་འཛིན་གྱི་ཡོིད་པ་མཚོིན་ཐུབ་པ་ཙམ་དུ་མ་ཟད། གྲོས་ཆོད་དེས་རྒྱ་ནག་གི་བཙོན་ཁང་དུ་མནར་གཅོད་མྱོང་བཞིན་པའི་བོད་མི་བརྒྱ་ཕྲག་མང་པོར་རེ་བའི་བརྡ་ཞིག་ཀྱང་བཏང་ཡོད་ཅེས་དང་། སྲིད་སྐྱོང་མཆོག་གིས་དེང་སྐབས་རྒྱ་གཞུང་གི་དམ་དྲག་དང་དབྱེ་འབྱེད་སྲིད་ཇུས་འོག་རིག་གཞུང་དང་སྤྱི་ཚོགས། དཔལ་འབྱོར་གང་ཅིའི་ཐད་ནས་བོད་མི་ཚོས་མི་རིགས་དབྱེ་འབྱེད་ལ་གདོང་ལེན་བྱེད་དགོས་པའི་གནས་སྟངས་ཆགས་ཡོད་ཚུལ་དང་བཅས་ཁོང་གིས་དབུ་མའི་ལམ་གྱི་སྲིད་བྱུས་ནི་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་སྲིད་བྱུས་ཤིག་ཡིན་པ་དང་། སྲིད་བྱུས་དེ་བརྒྱུད་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་ཚད་ལྡན་ཞིག་ཐོབ་ཐབས་བྱེད་བཞིན་ཡོད་ཚུལ། ཡོ་རོབ་གྲོས་ཚོགས་ནས་ཉེ་ཆར་རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལ་སྐྱོན་བརྗོད་དང་སྦྲགས། རྒྱ་ནག་གཞུང་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་མགྱོགས་མྱུར་གྲོས་མོལ་བསྐྱར་གསོ་ཡོང་ཐབས་སླད་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ལྷན་ཚོགས་གཙོ་མཆོག་ལ་དྲན་རྟེན་གྱི་ཕྱག་རྟགས་ཤིག་ཀྱང་ཕུལ་བ་མ་ཟད། མ་འོངས་པར་བཞུགས་སྒར་རྡ་སའི་བོད་མིའི་སྒྲིག་འཛུགས་ལ་གཟིགས་སྐོར་དུ་ཕེབས་རྒྱུའི་མགྲོན་འབོད་ཀྱང་གནང་འདུག

གསར་འགོད་པ་བོད་རྒྱལ།

མཆན། (0)
Share
དྲ་གནས་ཆ་ཚང༌།