སྲིད་སྐྱོང་མཆོག་གིས་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་གསོ་ཞུས་གནང་འདུག

2017-09-20
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
(Mexico)་རྒྱལ་ནང་གི་ས་ཡོམ་གྱི་གོད་ཆག་བྱུང་ཡུལ། ༢༠༡༧།༩།༡༩
(Mexico)་རྒྱལ་ནང་གི་ས་ཡོམ་གྱི་གོད་ཆག་བྱུང་ཡུལ། ༢༠༡༧།༩།༡༩
དྲ་བཤུས།/youtube

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་(Mexico)་རྒྱལ་ཁབ་ཏུ་ས་འགུལ་ཤུགས་ཆེན་བྱུང་པར་མི་དམངས་ལ་ཐུགས་གསོ་ཞུས་འདུག
དེ་ཡང་གནས་ཚུལ་སྤེལ་བ་ལྟར་ན། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་འདི་ཚེས་༡༩་ཉིན་Mexico་རྒྱལ་ཁབ་ཏུ་ས་འགུལ་ཚབས་ཆེན་བྱུང་བ་དེས་མི་རྒྱུ་གཉིས་ལ་གོད་ཆག་ཤུགས་ཆེ་བྱུང་བས་(Mexico)་མི་དམངས་ལ་ཐུགས་གསོ་དང་སྦྲགས་ས་འགུལ་གྱི་གོད་ཆགས་དེས་གནོད་འཚེ་ཕོག་པའི་མི་རྣམས་ལ་གདུང་སེམས་མཉམ་སྐྱེས་ཡོད། གོད་ཆགས་དེའི་ཁྲོད་ནས་ལམ་སང་བསྐྱར་གསོ་ཡོང་པའི་སྨོན་འདེབས་ཞུ་རྒྱུ་ཡིན། ཞེས་གསུངས་འདུག
འདི་ཚེས་༢༠་གཟའ་མིག་དམར་ཉིན་(Mexico)འི་རྒྱལ་ས་མེཀ་སི་ཀོ་གྲོང་ཁྱེར་ནང་ས་ཡོམ་འགུལ་ཚད་རིམ་པ་བདུན་ཚེག་གཅིག་རྒྱབ་པའི་འོག་སློབ་ཕྲུག་གྲངས་༢༡་ཐེ་བའི་མི་གྲངས་༢༡༦་ཙམ་རྐྱེན་ལམ་དུ་ཕྱིན་པ་སོགས་མི་རྒྱུ་གཉིས་ལ་གོད་ཆག་བྱུང་འདུག
ད་རེས་མེཀ་སི་ཀོའི་ནང་ས་ཡོམ་གྱི་གོད་ཆག་བྱུང་བ་ནི་དེ་སྔ་ཕྱི་ལོ་༡༩༨༥་ལོར་ཡུལ་དེའི་ནང་ས་ཡོམ་ཤུགས་ཆེ་ཞིག་རྒྱབ་པའི་ལོ་འཁོར་དུས་དྲན་ཡང་ཡིན་ཞིང་། སྐབས་དེའི་ས་ཡོམ་གྱི་རྐྱེན་པས་ཉུང་མཐར་མི་གྲངས་ཆིག་ཁྲི་ལྷག་རྐྱེན་འདས་སུ་ཕྱིན་ཡོད་འདུག
མེཀ་སི་ཀོའི་སྲིད་འཛིན་(EnriquePenaNieto)་མཆོག་གིས་ས་ཡོམ་གྱི་གོད་ཆག་ཚབས་ཆེ་བྱུང་ས་དེར་ཆེད་ཕེབས་གནང་སྟེ་གཟིགས་ཞིབ་གནང་བ་དང་། ད་དུང་ཡང་རྐྱེན་ལམ་དུ་ཕྱིན་པའི་མིའི་གྲངས་འབོར་འཕར་རྒྱུ་ཡིན་པའི་སྔོན་བརྡ་བཏང་འདུག
ཨ་རིའི་སྲིད་འཛིན་(Donald Trump)་མཆོག་གིས་མེཀ་སི་ཀོ་གྲོང་ཁྱེར་མི་མང་རྣམས་ལ་ཐུགས་གསོའི་འཚམས་འདྲི་གནང་འདུག

གསར་འགོད་པ་གུ་རུ་ཆོས་སྐྱིད་དང་། སེང་གེ་རི་བསོད་ནམས་ལྷ་མོ།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།