སྲིད་སྐྱོང་མཆོག་གཞུང་དོན་ཆེད་ཨ་རིའི་རྒྱལ་སར་ཕེབས་འདུག


2017.05.23
སྲིད་སྐྱོང་མཆོག་ཨ་རིའི་རྒྱལ་སར་ཕེབས་བསུ། ༢༠༡༧།༥།༢༢ སྲིད་སྐྱོང་མཆོག་ཨ་རིའི་རྒྱལ་སར་ཕེབས་བསུ། ༢༠༡༧།༥།༢༢
OOT

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཨ་རིའི་རྒྱལ་སར་གཞུང་འབྲེལ་ལས་དོན་ཆེད་ཕེབས་འདུག
དེ་ཡང་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་འདི་ཚེས་༢༢་ཉིན་ཨ་རིའི་རྒྱལ་སར་ཕེབས་འབྱོར་གྱིས་ཉིན་གྲངས་གསུམ་གྱི་རིང་འདི་ཁུལ་དུ་གཞུང་འབྲེལ་ལས་དོན་གནང་རྒྱུ་ཡིན་པ་རེད།
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དེང་སྐབས་ཨ་རིའི་ཁུལ་དུ་གཞུང་དོན་ཕྱོགས་བསྐྱོད་གནང་བཞིན་ཡོད་པ་ལྟར། ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཁུལ་དུ་མི་སྣ་ཐུག་འཕྲད་ཀྱི་མཛད་རིམ་ཁག་ལེགས་གྲུབ་ཀྱིས་ཕྱི་ཟླ་ ༥ པའི་ཚེས་ ༢༢ ཉིན་གྲོང་ཁྱེར་ནིའུ་ཡོག་ནས་རྒྱལ་ས་ཝ་ཤིང་ཀྲོན་དུ་མེ་འཁོར་བརྒྱུད་ཕེབས་འབྱོར་སྐབས་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་མཆོག་དང་། རྒྱལ་སའི་མངའ་ཁུལ་གྱི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ། ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་བཅས་ནས་ཕེབས་བསུ་བྱས་འདུག
འདི་ཚེས་ ༢༣ ནས་བཟུང་ཉིན་གསུམ་རིང་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་དང་། གཞུང་གི་གནད་ཡོད་མི་སྣར་མཇལ་འཕྲད་དང་། སྲོལ་རྒྱུན་ཐེབས་རྩ་ཁང་དུ་བོད་དོན་སྐོར་གསུང་བཤད་བཅས་ཀྱི་ལས་རིམ་ཡོད་པ་དང་། འདི་ཚེས་ ༢༣ ཉིན་འདི་ག་རླུང་འཕྲིན་ཁང་གིས་བོད་དོན་གཙོས་གནད་དོན་འདྲ་མིན་ཐོག་དམིགས་བསལ་བཅར་འདྲི་ཞུས་བ་དང་། དགོང་དྲོར་རྒྱལ་སྤྱིའི་བོད་དོན་འགུལ་ཁང་ནས་སྲིད་སྐྱོང་མཆོག་ལ་ཆེ་བསྟོད་ཀྱི་སྣེ་ལེན་གསོལ་སྟོན་དང་། ཕྱི་ཚེས་ ༢༤ ཉིན་རྒྱལ་སའི་མངའ་ཁུལ་གྱི་རང་རིགས་སེར་སྐྱ་མང་ཚོགས་ནས་དཔལ་ལྡན་སྲིད་སྐྱོང་མཆོག་གཞུང་དོན་ཆེད་ཕེབས་མཛད་པར་དགའ་བསུའི་སྣེ་ལེན་གྱི་འདུ་འཛོམས་ཤིག་གོ་སྒྲིག་གནང་གི་ཡོད་པ་རེད།

གསར་འགོད་པ་ངག་དབང་ཆོས་འཕེལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གིས་བསྐོ་བཞག་བྱས་པའི་པཎ་ཆེན་བལ་ཡུལ་ནང་ཡོང་རྒྱུ་བལ་ཡུལ་གྱིས་ངོས་ལེན་བྱས་མེད་པ་བལ་ཡུལ་གྱི་གསར་ལམ་ཁག་ཅིག་གིས་གནས་ཚུལ་སྤེལ་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དགེ་བཤེས་རྭ་ཆུང་དགེ་འདུན་ལགས་བཙོན་འཇུག་གི་དུས་ཡུན་ཚང་སྟེ་གློད་གྲོལ་ཐོབ་ཡོད་ནའང་། ཁོང་བཙོན་གྲོལ་མ་ཐོབ་སྔོན་ཨ་མ་འདས་གྲོངས་སུ་གྱུར་ཏེ་མ་བུ་ཐུག་འཕྲད་ཐུབ་མེད་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎