རྒྱ་ནག་གཞུང་གིས་བོད་མིར་དྲག་གནོན་གྱིས་ཆོས་དང་རིག་གཞུང་ལ་ཉེན་ཚབས་བཟོ་བཞིན་འདུག


2018.02.23
ཉི་ཧོང་གི་ཚགས་པར་ཁག་གཅིག་གི་ངོ་བཤུས། ༢༠༡༨།༢ ཉི་ཧོང་གི་ཚགས་པར་ཁག་གཅིག་གི་ངོ་བཤུས། ༢༠༡༨།༢
CTA

དབུས་བོད་མའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་ཏེ་བོད་མིར་དྲག་གནོན་དང་། བོད་མིའི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་ལ་ཉེན་ཚབས་བཟོ་བཞིན་པ་ཉི་ཧོང་གི་གསར་འགྱུར་བརྒྱུད་ལམ་ཁག་ཅིག་ལ་གསུངས་འདུག
དེ་ཡང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཚེས་བཅོ་བརྒྱད་ནས་བཟུང་ཉིན་གྲངས་ལྔའི་རིང་ཉི་ཧོང་ནང་འཚམས་འདྲིར་ཕེབས་ཡོད་པ་དང་། འདི་ཚེས་ཉི་ཤུ་གཅིག་ཉིན་སྲིད་སྐྱོང་མཆོག་ལ་ཉི་ཧོང་ནང་སྙན་གྲགས་ཆེ་བའི་གསར་འགོད་པ་(Sakurai Yoshiko)་ཡོ་ཤི་ཀོས། (Genron)་ཞེས་པའི་བརྙན་འཕྲིན་ཁང་ནས་བཅར་འདྲི་ཞུས་པའི་སྐབས། སྲིད་སྐྱོང་མཆོག་གིས། རྒྱ་ནག་གཞུང་གིས་བོད་མིའི་ཐུན་མོང་མ་ཡིན་པའི་ཆོས་དང་། རིག་གཞུང་ལ་ཉེན་ཚབས་ཆེན་པོ་བཟོས་པ། མི་མང་ས་ཡ་མང་པོས་འཚོ་རྟེན་བྱེད་བཞིན་པའི་བོད་མཐོ་སྒང་ནས་རྒྱུག་བཞིན་པའི་ཆུ་བོ་ཆེ་ཁག་གི་རང་བྱུང་ཁོར་ཡུག་གཏོར་སྐྱོན་བཏང་བའི་རྗེས་འབྲས་དང་། རྒྱལ་སྤྱིའི་ཐོག་ནས་བོད་མིའི་འཚེ་མེད་ཞི་བའི་འཐབ་རྩོད་དང་བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་ཅིའི་ཕྱིར་བྱེད་བཞིན་ཡོད་སྐོར། དེ་བཞིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་སོགས་ཀྱི་གནད་དོན་ཐོག་བཀའ་ལན་གནང་འདུག
ཡང་སྲིད་སྐྱོང་མཆོག་གིས་ཁོང་ལ་བཅར་འདྲི་ཞུ་མཁན་ས་ཀུ་ར་ཡེ་མཆོག་ནས། བོད་མིའི་རང་དབང་འཐབ་རྩོད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་སྲིད་སྐྱོང་མཆོག་དང་ལྷན་གྲོས་མོལ་ཞེས་པའི་དཔེ་དེབ་བྲིས་གནང་བར་ཐུགས་རྗེ་ཆེ་ཞུས་གནང་འདུག དཔེ་དེབ་དེའི་ནང་ཉི་ཧོང་གིས་བོད་མིའི་རང་དབང་འཐབ་རྩོད་དང་དྲང་བདེན་ལ་རྒྱབ་སྐྱོར་ཅིའི་ཕྱིར་བྱེད་དགོས་དོན་དང་། བོད་མི་རྣམས་སོ་སོའི་རང་ཡུལ་དུ་ལོག་པའི་རེ་སྨོན། བོད་མི་རྣམས་སོ་སོའི་རང་དབང་འཐབ་རྩོད་བྱེད་ཐུབ་པའི་ནུས་པ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་ལྷན་གྲོས་མོལ་བྱུང་བ་རྣམས་དཔེ་དེབ་དེའི་ནང་གསལ་པོ་བཀོད་ཡོད་པ་རེད་།
སྲིད་སྐྱོང་མཆོག་གིས་མི་མང་པོ་ཞིག་གིས་དཔེ་དེབ་དེ་ཀློག་ནས་བོད་དོན་གོ་རྟོགས་རྒྱ་ཆེ་སྤེལ་ཐུབ་པའི་རེ་བ་ཡོད་སྐོར་གསུངས་ཡོད་པ་སོགས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དྲ་རྒྱའི་ནང་གནས་ཚུལ་སྤེལ་འདུག

གསར་འགོད་པ་རིག་འཛིན་ཆོས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎