བོད་དེ་རྒྱ་ནག་དམངས་གཙོ་ཅན་ལ་བསྒྱུར་རྒྱུའི་འགྱུར་འདེད་ནུས་པ་ཡག་ཤོས་ཡིན།

2018-02-20
གློག་འཕྲིན།
མཆན།
Share
པར་བཀོད།
སྲིད་སྐྱོང་མཆོག་ཉི་ཧོང་ལ་ཕེབས་པའི་སྣེ་ལེན་སྐབས། ༢༠༡༨།༢།༡༨
སྲིད་སྐྱོང་མཆོག་ཉི་ཧོང་ལ་ཕེབས་པའི་སྣེ་ལེན་སྐབས། ༢༠༡༨།༢།༡༨
OOTJ

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ནས་བོད་དེ་རྒྱ་ནག་དེ་བཞིན་དམངས་གཙོ་དང་ཞི་བདེའི་ལམ་བུར་བསྐྱོད་རྒྱུའི་འགྱུར་འདེད་ནུས་པ་ཞིག་ཡིན་པ་ཉི་ཧོང་ནས་གསུངས་འདུག
དེ་ཡང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ད་སྐབས་དུས་ཡུན་གཟའ་འཁོར་གཅིག་རིང་ཉི་ཧོང་ནང་ཕྱོགས་ཕེབས་གནང་ཡོད་པ་དང་། ཉི་ཧོང་ནང་ཕེབས་པའི་སྐབས་ཉི་ཧོང་གྲོས་ཚོགས་ཀྱི་འཐུས་མི་དང་། ཆོས་ཚོགས་ཁག་གི་སྐུ་ཚབ། དེ་བཞིན་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་དང་ས་གནས་བོད་མི་སོགས་ཀྱིས་སྣེ་ལེན་ཟབ་རྒྱས་ཞུས་ཡོད་ཅིང་། སྲིད་སྐྱོང་མཆོག་ནས་ཕེབས་བསུའི་སྣེ་ལེན་མཛད་སྒོའི་ཐོག་ད་ལྟའི་ཆར་ང་ཚོར་ཐབས་ལམ་གཞན་མེད་པའི་འོག་  བོད་དེ་ཞི་བདེའི་བལྟེ་གནས་ལྟ་བུར་འགྱུར་ཐབས་བྱ་རྒྱུ་དེ་ཡིན་ཞིང་། རྒྱ་ནག་གུང་ཁྲན་ཚོགས་པའི་ཚོགས་ཆེན་བཅུ་དགུའི་སྐབས་རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྱད་ཆོས་ལྡན་པའི་རྒྱ་ནག་གི་སྤྱི་ཚོགས་ལ་བསྐྱོད་དགོས་པ་གསུངས་ཡོད་པ་དང་།  རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཟེར་བར་རང་དབང་དང་དམངས་གཙོ། སྨྲ་བརྗོད་རང་དབང་སོགས་མེད་པའི་ཚོགས་པ་གཅིག་གིས་དབང་འཛིན་བྱེད་པའི་ལམ་ལུགས་འོག་མུ་མཐུད་བསྐྱོད་རྒྱུའི་མཚོན་རྟགས་ཤིག་ཡིན་ཞིང་། མའོ་ཙེ་ཏུང་གི་དུས་སྐབས་སུ་རྒྱ་ནག་དེ་གཅིག་འགྱུར་གྱི་དུས་སྐབས་ཤིག་ཡིན་པ་དང་། ཏེང་ཞའོ་ཕིང་གི་དུས་སྐབས་སུ་རྒྱ་ནག་དེ་བཞིན་དཔལ་འབྱོར་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་ཡོད་པ་དང་།   ཞེ་ཅིན་ཕིང་གི་དུས་སྐབས་ལ་རྒྱ་ནག་དེ་བཞིན་ཚོགས་པ་གཅིག་གི་དབང་འཛིན་འོག་བསྐྱོད་རྒྱུ་ཡིན་པར་བརྟེན། རྒྱལ་སྤྱིའི་སྤྱི་ཚོགས་ལ་ཡང་ན་རྒྱ་ནག་དེ་དམངས་གཙོའི་རྒྱལ་ཁབ་ཤིག་ཏུ་འགྱུར་ཐབས་དང་དེ་མིན་ཚེ་རྒྱལ་སྤྱིའི་སྤྱི་ཚོགས་དེ་བཞིན་རྒྱ་ནག་ལྟ་བུར་འགྱུར་རྒྱུ་མ་གཏོགས་དེ་མིན་གྱི་འདེམས་ཁ་མེད་པ་རེད། གལ་སྲིད་རྒྱ་ནག་ལ་འགྱུར་ལྡོག་གཏོང་དགོས་ཚེ་ བོད་དེ་རྒྱ་ནག་ལ་འགྱུར་ལྡོག་གཏོང་རྒྱུའི་སྐུལ་འདེད་ཀྱི་ནུས་པ་ཡག་ཤོས་ཤིག་ཡིན་པ་སོགས་གསུང་བཤད་གནང་ཡོད་འདུག

གསར་འགོད་པ་འཆི་མེད།   

མཆན། (0)
Share
དྲ་གནས་ཆ་ཚང༌།