སྲིད་སྐྱོང་མཆོག་དབྱིན་ཡུལ་དུ་ཕྱོགས་ཕེབས་ཀྱི་མཛད་འཕྲིན།

2019-06-22
གློག་འཕྲིན།
མཆན།
Share
པར་བཀོད།
ཁོང་དབྱིན་ཡུལ་དུ་བཞུགས་རྒྱུན་རིང་Scortland གྲོས་ཚོགས་ནང་ཐེངས་དང་པོ་ཕེབས་རྒྱུ་ཡིན་པ་རེད་འདུག
ཁོང་དབྱིན་ཡུལ་དུ་བཞུགས་རྒྱུན་རིང་Scortland གྲོས་ཚོགས་ནང་ཐེངས་དང་པོ་ཕེབས་རྒྱུ་ཡིན་པ་རེད་འདུག
བོད་མིའི་སྒྲིག་འཛུགས།

༄༅༎དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དབྱིན་ཡུལ་དུ་ཉིན་གྲངས་༡༠ཡི་གཞུང་དོན་ཕྱོགས་ཕེབས་ཀྱིས་མཛད་འཆར་སྐྱོང་བཞིན་པ་ལྟར་ཁོང་དབྱིན་ཡུལ་དུ་བཞུགས་རྒྱུན་རིང་Scotland གྲོས་ཚོགས་ནང་ཐེངས་དང་པོ་ཕེབས་རྒྱུ་ཡིན་པ་རེད་འདུག འདི་ག་རླུང་འཕྲིན་ཁང་གིས་དབྱིན་ལེན་སྐུ་ཚབ་དོན་གཅོད་ཁང་གི་འབྲེལ་མཐུད་པ་བསྟན་འཛིན་ཀུན་དགའ་ལགས་སུ་བཅའ་འདྲི་བརྒྱུད་ནས་ཤེས་རྟོགས་བྱུང་བ་གཞིགས་ན། སྲིད་སྐྱོང་མཆོག་གིས་ཕྱི་ཚེས་༡༨ཉིན་ Cambridgeགཙུག་ལག་སློབ་གྲའི་ཆེན་མོའི་ནང་བོད་དོན་གཏམ་བཤད་གནང་རྗེས།  དབྱིན་ཡུལ་བོད་ཀྱི་ཐེབས་རྩ་ཁང་དབུ་བརྙེས་ནས་མི་ལོ་༢༥ཧྲིལ་པོ་འཁོར་བའི་དུས་དྲན་ཐོག་མཉམ་ཞུགས་གནང་ཡོད་པ་དང་། དེ་བཞིན་དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་བཙན་བྱོལ་བོད་མིར་མཐུན་འགྱུར་གནང་བཞིན་པའི་རོགས་ཚོགས་ཁག་གི་ཚོགས་མི་དང་ལྷན་ཐུག་འཕྲད་གནང་བ་དང་། བོད་རིགས་གཞོན་སྐྱེས་རྣམས་ལ་གསུང་བཤད་བརྩལ་བ། ཡང་སྙན་གྲགས་ཆེ་བའི་གསར་འགྱུར་བརྒྱུད་ལམ་ཁག་ཅིག་ལ་བོད་དོན་གླེང་བ་སོགས་གནང་ཡོད་འདུག དེ་བཞིན་སྲིད་སྐྱོང་མཆོག་Scotlandགྲོས་ཚོགས་ནང་ཐེངས་དང་པོ་ཕེབས་རྒྱུ་དང་། དབྱིན་ཡུལ་གྲོས་ཚོགས་ནང་བོད་དོན་གཏམ་བཤད་གནང་རྒྱུ་སོགས་ཀྱི་མཛད་འཆར་ཡོད་འདུག སྲིད་སྐྱོང་མཆོག་དབྱིན་ཡུལ་དུ་ཉིན་གྲངས་༡༠ཡི་རིང་མཛད་འཆར་ཁག་གྲུབ་རྗེས་ཕྱིར་བཞུགས་སྒར་དུ་ཕེབས་རྒྱུ་རེད་འདུག།

མཆན། (0)
Share
དྲ་གནས་ཆ་ཚང༌།