རྒྱ་གར་སྲིད་བློན་གྱི་དམ་འབུལ་མཛད་སྒོར་སྲིད་སྐྱོང་མཉམ་ཞུགས།


2014.05.27
རྒྱ་གར་སྲིད་བློན་གྱི་དམ་འབུལ་མཛད་སྒོར་སྲིད་སྐྱོང་མཉམ་ཞུགས་གནང་བའི་སྐབས། ༢༠༡༤།༥།༢༦ རྒྱ་གར་སྲིད་བློན་གྱི་དམ་འབུལ་མཛད་སྒོར་སྲིད་སྐྱོང་མཉམ་ཞུགས་གནང་བའི་སྐབས། ༢༠༡༤།༥།༢༦
པར། དྲ་བཤུས།
ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་ལགས་སུ་བློ་བཟང་ཆོས་འཕེལ་ལགས་ནས་གནས་འདྲི་ཞུས་པ།

རྒྱ་གར་གྱི་སྲིད་བློན་གསར་པའི་ལས་འཁུར་དམ་འབུལ་མཛད་སྒོར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་ཆས་གྱོན་ནས་མཉམ་ཞུགས་བྱས་འདུག
དེ་ཡང་སྤྱི་ཟླ་༥ཚེས་༢༦ཉིན། རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་སྲིད་འཛིན་ཕོ་བྲང་གི་མདུན་ཐང་དུ་། རྒྱ་གར་རྒྱལ་ཡོངས་གྲོས་ཚོགས་འོག་མའི་འོས་བསྡུའི་ནང་། རྒྱལ་ཁ་ཆེན་པོ་ཐོབ་ནས་རྒྱ་གར་གྱི་སྲིད་བློན་དུ་བསྐོ་གཞག་བྱུང་བ། སྐུ་ཞབས་ན་རེན་དྷརཱ་མོ་དྷི་ཡིས་སྲིད་བློན་གྱི་ལས་འཁུར་དམ་འབུལ་མཛད་སྒོ་ཚོགས་ཡོད་པ་དང་། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་མཛད་སྒོར་བོད་ཆས་གྱོན་ནས་མཉམ་ཞུགས་གནང་ཡོད་པ་རེད། དེའི་ཐད་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ནང་གནས་ཚུལ་བཀོད་པ་ལྟར་ན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་མགྲོན་འབོད་ཞུས་པ་ལྟར་མཛད་སྒོར་ཆེད་ཕེབས་གནང་བ་འཁོད་འདུག ད་ཐེངས་སྲིད་སྐྱོང་བློ་བཟང་སེང་གེ་ལགས་རྒྱ་གར་གྱི་སྲིད་བློན་ལས་འཁུར་དམ་འབུལ་མཛད་སྒོར་མཉམ་ཞུགས་བྱས་པ་འདི་ནི། བོད་ཀྱི་ཆབ་སྲིད་ཀྱི་དབུ་ཁྲིད་ཞིག་རྒྱ་གར་སྲིད་བློན་ལས་འཁུར་དམ་འབུལ་མཛད་སྒོར་ཞུགས་པ་ཐེངས་དང་པོ་དེ་ཡིན་པ་རེད།
ད་ཐེངས་རྒྱ་གར་གྱི་སྲིད་བློན་གསར་པའི་ལས་འཁུར་དམ་འབུལ་མཛད་སྒོ་དེ་ནི།  སྔོན་མ་དང་མི་འདྲ་བར་། ཁྱིམ་མཚེས་རྒྱལ་ཁབ་ཁག་གི་དབུ་ཁྲིད་གཙོས་མི་གྲངས་བཞི་སྟོང་ཙམ་མཉམ་ཞུགས་བྱས་ཡོད་པ་རེད།

གསར་འགོད་པ་དཔལ་ལྡན་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎