བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་ནས་བོད་དོན་ལ་རྒྱབ་སྐྱོར་གྱི་རྣམ་པ་བསྟན་འདུག


2019.07.12
ཨི་ཊ་ལའི་ཊིརན་ཊེ་ནོ་རང་སྐྱོང་མངའ་ཁུལ་དུ་སྲིད་སྐྱོང་ཕེབས་སྐབས་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་སྐབས། ༢༠༡༩།༧།༡༢ ཨི་ཊ་ལའི་ཊིརན་ཊེ་ནོ་རང་སྐྱོང་མངའ་ཁུལ་དུ་སྲིད་སྐྱོང་ཕེབས་སྐབས་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་སྐབས། ༢༠༡༩།༧།༡༢
tibet.net

ཨི་ཊ་ལའི་ཊིརན་ཊེ་ནོ་རང་སྐྱོང་མངའ་ཁུལ་དུ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཕེབས་སྐབས་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་ནས་བོད་དོན་ལ་རྒྱབ་སྐྱོར་གྱི་རྣམ་པ་བསྟན་འདུག
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག ཕྱི་ཟླ་ ༧ ཚེས་༡༡ཉིན་ཨི་ཊ་ལིའི་རང་སྐྱོང་མངའ་ཁུལ་ལྷོ་ཊི་རོལ་ཁུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་གྲུབ་མཚམས། ཚེས་༡༢ཉིན། ཨི་ཊ་ལིའི་(Trentino)་མངའ་ཁུལ་དུ་ཕེབས་ཡོད་པ་རེད། ཨི་ཊ་ལིའི་བོད་རིགས་ཚོགས་པའི་ཚོགས་གཙོ་ངག་དབང་བཟོད་པ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། སྲིད་སྐྱོང་མཆོག་ཕྱི་ཚེས་༡༢་ཉིན་ཨི་ཊ་ལིའི་(Trentino)་རང་སྐྱོང་མངའ་ཁུལ་དུ་ཡོད་པའི་(Trentino for Tibet)་ཞེས་བའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་གོ་སྒྲིག་འོག ཁུལ་དེའི་གྲོང་ཁྱེར་(Rovereto)་ནང་ གྲོང་ཁྱེར་སྤྱི་ཁྱབ་གཙོས་པའི་གནས་ཡོད་མི་སྣ་ལྷན་འཛོམས་ཐོག སྲིད་སྐྱོང་མཆོག་ལ་ཕེབས་བསུའི་གཞས་སྣ་འཁྲབ་སྟོན་སོགས་གནང་ཡོད་པ་དང་། དེའི་རྗེས་(Rovereto)་གྲོང་ཁྱེར་ནང་དེ་སྔ་དམག་ཆེན་གཉིས་པའི་སྐབས་སུ་དམག་མཚམས་བཞག་ནས་ཞི་བདེ་གོང་སྤེལ་གྱི་མཚོན་དོན་རྗེས་དྲན་གྱི་དྲིལ་བུ་ཞིག་ཡོད་པ་དེ་དཀྲོལ་གནང་པ་དང་འབྲེལ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་ཡོད་འདུག
ཚེས་༡༢་ཉིན་རྒྱབ་སྲིད་སྐྱོང་མཆོག་(Trentino) ཁུལ་གྱི་མུ་རི་ཞེས་པའི་གྲོང་ཁྱེར་དུ། རྙིང་མའི་ཆོས་ཚོགས་གསར་པ་ཞིག་ཡོད་པ་དེའི་ནང་ སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པ་དེའི་ཐོག་ཆེད་ཕེབས་གནང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ཆུ་ཤུགས་གློག་འདོན་ས་ཚིགས་གསར་རྒྱག་ཆེད་ཨ་ཚོགས་བདེ་ཆེན་ཆོས་འཁོར་གླིང་དང་སྡེ་བ་གཉིས་བཙན་གྱིས་གཏོར་བཞིན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎