བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་རྒྱ་གར་ནག་པུར་གྲོང་ཁྱེར་དུ་ཕེབས་འདུག

2018-08-07
གློག་འཕྲིན།
མཆན།
Share
པར་བཀོད།
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་རྒྱ་གར་ནག་པུར་གྲོང་ཁྱེར་དུ་གཟིགས་སྐོར་སྐབས། ༢༠༡༨།༨།༦
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་རྒྱ་གར་ནག་པུར་གྲོང་ཁྱེར་དུ་གཟིགས་སྐོར་སྐབས། ༢༠༡༨།༨།༦
tibet.net

སྲིད་སྐྱོང་མཆོག་གིས་རྒྱ་གར་ནག་པུར་གྲོང་ཁྱེར་དུ་རྒྱ་གར་གྱི་ས་གནས་དཔོན་རིགས་ཁག་གཅིག་དང་མཇལ་འཕྲད་གནང་འདུག
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྒྱ་གར་དབུས་ཕྱོགས་སུ་ཆགས་པའི་ནོར་རྒྱས་གླིང་བོད་མིའི་གཞིས་ཆགས་སུ་གཞུང་དོན་ཕྱོགས་ཕེབས་དང་བསྟུན་སྟེ་ ཕྱི་ཟླ་ ༨ ཚེས་༦ཉིན་མ་ཧ་རཤ་ཏྲཱ་(Maharashtra)མངའ་སྡེའི་ ནག་པུར་(Nagpur) གྲོང་ཁྱེར་གྱི་(RSS)འམ་རྒྱ་གར་རྒྱལ་ཡོངས་ཧིན་དྷུ་དང་བླངས་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ མོ་ཧཱན་བྷ་ཝཏ་(Mohan Bhagwat)དང་འཚམས་འདྲིའི་མཇལ་འཕྲད་གནང་འདུག
མཇལ་འཕྲད་དེའི་སྐབས་སྲིད་སྐྱོང་མཆོག་གིས་སྐུ་ཞབས་(Mohan Bhagwat)མཆོག་ལ་ བོད་ཀྱིི་རང་བྱུང་ཁོར་ཡུག་གི་གནད་འགག་དང་། ད་ལྟའི་བོད་ནང་གི་ཆབ་སྲིད་ཀྱི་གནས་སྟངས། ཧིན་བོད་གཉིས་ཀྱི་འབྲེལ་བའི་རང་བཞིན། དེ་བཞིན་བོད་ཀྱི་ཆབ་སྲིད་ཀྱི་གནས་སྟངས་རྐྱེན་པས་རྒྱ་གར་ཙམ་མ་ཟད། འཛམ་གླིང་སྤྱི་དང་ཡང་སྒོས་སུ་ལྷོ་ཨེ་ཤེ་ཡའི་ཡུལ་གྲུ་ཁག་ལ་ཐབས་ཇུས་ཀྱི་གནད་འགག་དང་ཤུགས་རྐྱེན་ཇི་ཆགས་བཅས་ཀྱི་སྐོར་སྙན་སེང་ཞིབ་ཕྲ་ཞུས་གནང་འདུག སྐུ་ཞབས་(Mohan Bhagwat)ལགས་ནི་(RSS)རྒྱ་གར་རྒྱལ་ཡོངས་དང་བླངས་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་ལོ་རྒྱུས་ཐོག་ཚོགས་གཙོའི་འགན་ཁུར་བཞེས་མཁན་སྐུ་ན་ཆུང་ཤོས་ཤིག་ཡིན་འདུག་ཅིང་། སྲིད་སྐྱོང་མཆོག་དང་མཇལ་མོལ་སྐབས་ཁོང་གིས། བོད་མིའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཡིད་སྨོན་ཆེན་པོ་ཞུ་བཞིན་ཡོད་པ་གསུངས་ཞིང་འཛམ་གླིང་ཐོག་གི་དཀའ་རྙོག་རྣམས་འཚེ་བ་དང་རྩུབ་སྤྱོད་ཀྱི་ལམ་ནས་སེལ་ཐབས་མེད་པར་བརྟེན་ཞི་བདེའི་གལ་གནད་སྐོར་ནན་བརྗོད་གནང་འདུག ལྷག་པར་དུ་སྐུ་ཞབས་(Mohan Bhagwat)ལགས་ཀྱིས་བོད་དང་རྒྱ་གར་གཉིས་ནི་དུད་ཚང་ལྟ་བུར་ངོས་འཛིན་ཞུ་ཡི་ཡོད་པ་གསུངས་སྟེ་བོད་དོན་ལ་རྒྱབ་སྐྱོར་དང་བོད་ཀྱི་གནད་དོན་གང་ཡོངས་གླེང་སློང་གནང་རྒྱུ་ཡིན་པ་གསུངས་འདུག སྲིད་སྐྱོང་བློ་བཟང་སེང་གེ་མཆོག་Nagpur གྲོང་ཁྱེར་དུ་ཕེབས་མཚམས་ཁུལ་དེའི་ནང་ཆགས་པའི་(Deekshaboomi)ནང་པའི་ལྷ་ཁང་དུ་གནས་མཇལ་དུ་ཕེབས་འདུག་ལ་ལྷ་ཁང་དེ་ནི་རྒྱ་གར་གྱི་རྩ་ཁྲིམས་ཟིན་བྲིས་གནང་མཁན་(Dr. B.R. Ambedkar)དམ་པ་དེ་ཉིད་ཀྱིས་༡༩༥༦ལོར་ནང་ཆོས་ཉམས་ལེན་གནང་སའི་ལྷ་ཁང་དེ་ཡིན་འདུག གཞན་ཡང་Nagpurགྲོང་ཁྱེར་དུ་སྲིད་སྐྱོང་མཆོག་ནས་རྒྱལ་ཡོངས་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་ཚོགས་མི་ལྕམ་(Sulekka Kumbhare)ལྷན་དང་མཇལ་འཕྲད་གནང་འདུག་ཅིང་། ལྕམ་(Kumbhare)ལགས་ཀྱིས།  རྒྱ་གར་དབུས་གཞུང་ནས་གཏན་འབེབས་གནང་པའི་བཙན་བྱོལ་བོད་མིར་མཐུན་རྐྱེན་སྤྱོར་སྤྲོད་ཀྱི་སྲིད་ཇུས་ལག་བསྟར་གནང་རྒྱུ་གཙོས་པའི་ནོར་རྒྱས་གླིང་བོད་མིའི་གཞིས་སྒར་ལ་མཐུན་འགྱུར་རོགས་རམ་གང་ཡོང་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་གསུངས་འདུག
ཚེས་༧ཉིན་སྲིད་སྐྱོང་མཆོག་གིས་Bandhara ནོར་རྒྱས་གླིང་བོད་མིའི་གཞིས་སྒར་གྱི་མང་ཚོགས་ལ་བཀའ་སློབ་གསུངས་བཤད་གནང་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

མཆན། (0)
Share
དྲ་གནས་ཆ་ཚང༌།