སྲིད་སྐྱོང་མཆོག་གིས་ནེའུ་ཛི་ལན་ཌིའི་སྲིད་བློན་གསར་བར་བོད་དོན་ཐད་སྔར་ལྷག་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་འདུག

2023.01.24
Share on WhatsApp
Share on WhatsApp
སྲིད་སྐྱོང་མཆོག་གིས་ནེའུ་ཛི་ལན་ཌིའི་སྲིད་བློན་གསར་བར་བོད་དོན་ཐད་སྔར་ལྷག་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་འདུག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་གསར་དུ་བདམས་ཐོན་བྱུང་བའི་ནེའུ་ཛི་ལན་ཌིའི་(New Zealand)་སྲིད་བློན་(Chris Hipkins)་ལགས།
སྒྲིག་བཟོ།

དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཁོང་གི་(twitter)་དྲྭ་བ་བརྒྱུད། གསར་དུ་བདམས་ཐོན་བྱུང་བའི་ནེའུ་ཛི་ལན་ཌིའི་(New Zealand)་སྲིད་བློན་(Chris Hipkins)་ལགས་སུ་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་གནང་ཡོད་པ་དང་འབྲེལ། སྲིད་སྐྱོང་མཆོག་གིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་། བོད་མི་རྣམས་ཀྱི་ཚབ་ཞུས་ནས་ནེའུ་ཛི་ལན་ཌིའི་གཞུང་དང་མི་དམངས་ཀྱིས་བོད་དོན་ཐོག་རྒྱབ་སྐྱོར་གནང་དང་གནང་མུས་ཡིན་པར་ཐུགས་རྗེ་ཆེ་ཞེས་དང་། སྲིད་བློན་གསར་པ་སྐུ་ཞབས་(Chris Hipkins)་ལགས་ཀྱི་དབུ་ཁྲིད་འོག ནེའུ་ཛི་ལན་ཌི་གཞུང་གིས་བོད་དོན་ཐོག་སྔར་ལས་ལྷག་པའི་རྒྱབ་སྐྱོར་གནང་རྒྱུའི་ཐུགས་རེ་གནང་གི་ཡོད་པ་མ་ཟད། བོད་ནང་གི་ཛ་དྲག་གནས་སྟངས་གང་མགྱོགས་སེལ་ཐབས་སུ་རོགས་རམ་དང་རྒྱབ་སྐྱོར་གནང་རྒྱུའི་འབོད་སྐུལ་ཞུས་གནང་འདུག
གཟའ་ཉི་མའི་ཉིན་སྐུ་ཞབས་(Chris Hipkins)་ནེའུ་ཛི་ལན་ཌིའི་གཞུང་འཛིན་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོས་རྒྱབ་སྐྱོར་གནང་བའི་འོག ནེའུ་ཛི་ལན་ཌི་ཡུལ་གྱི་སྲིད་བློན་གསར་པར་འདེམས་ཐོན་བྱུང་ཡོད་པ་དང་། སྐུ་ཞབས་(Chris Hipkins)་ནི། ནེའུ་ཛི་ལན་ཌི་ཡུལ་གྱི་ད་ལྟའི་སྲིད་བློན་(Jacinda Ardern)་རྗེས་ཀྱི་སྲིད་བློན་གྱི་འོས་ཐོབ་སྲིད་པའི་འོས་མི་གཅིག་པུ་ཞིག་ཡིན་ཞིང་། ལྕམ་(Jacana Ardern)་ལགས་གྱིས་འདས་པའི་ལོ་ལྔའི་རིང་སྲིད་བློན་གྱི་ཐུགས་འགན་བཞེས་ནས་གཟའ་འཁོར་སྔོན་མ་སྲིད་བློན་གྱི་གོ་གནས་ནས་དགོངས་པ་ཞུས་གནང་ཡོད་པ་རེད།
དགུང་ལོ་༤༤ཡིན་པའི་སྐུ་ཞབས་(Chris Hipkins)་ལགས་ནི་ནེའུ་ཛི་ལན་ཌིའི་ཝེ་ལེན་ཊོན་(Wellington)་ས་ཁུལ་གྱི་(Hutt Valley)་ཞེས་བར་སྐྱེས་ཤིང་། ཕྱི་ལོ་༢༠༠༨ནས་༢༠༢༠བར་དུ་ནེའུ་ཛི་ལན་ཌིའི་གྲོས་ཚོགས་འཐུས་མི་གནང་བ་དང་། ཕྱི་ལོ་ ༢༠༢༠ཟླ་༧ནས་ཟླ་༡༡བར་འཕྲོད་བསྟེན་བློན་ཆེན་གྱི་ཕྱག་ལས་གནང་། དེའི་རྗེས་ཏོག་དབྱིབས་ནད་ཡམས་འགོག་བཅོས་ཚན་པའི་བློན་ཆེན་གྱི་གོ་གནས་དང་། དེ་བཞིན་སྤྱི་དམངས་སྲི་ཞུ་ལྷན་ཁང་སོགས་ཀྱི་བློན་ཆེན་དང་གྲོས་ཚོགས་ཀྱི་ཚོགས་གཙོའི་(Leader of the House)་འགན་བཞེས་ཡོད་འདུག


གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎