སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་རྙིང་གྲས་ཞིག་དགོངས་པ་རྫོགས་པར་ཐུགས་གསོ་གནང་།

2021-10-04
Share
སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་རྙིང་གྲས་ཞིག་དགོངས་པ་རྫོགས་པར་ཐུགས་གསོ་གནང་། བོད་དོན་རྒྱབ་སྐྱོར་བ་རྙིང་གྲས་སྐུ་ཞབས་(Moreno)་ལགས།
དྲ་བཤུས། /File Photo

སྲིད་སྐྱོང་མཆོག་གིས། ཕྱི་ལོ་༡༩༥༠་ལོའི་ཕྱི་ཟླ་༡༡་པའི་ཚེས་༧་ཉིན་(Dr. Moreno)་ལགས་ཀྱིས་(El Salvador)་རྒྱལ་ཁབ་ཀྱིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་གཞོན་པའི་མཛད་འགན་བཞེས་གནང་སྐབས། རྒྱལ་ཚོགས་ནང་བོད་དོན་རྒྱབ་སྐྱོར་གནང་བ་དེར་བོད་མི་རྣམས་ཀྱིས་སྙིང་ཐག་པ་ནས་བཀྲིན་བསམ་ཤེས་ཀྱིས་དྲན་གསོ་ཞུ་བཞིན་ཡོད་ཅེས་གསུངས་འདུག
སྐུ་ཞབས་(Dr. Moreno)་ལགས་ཀྱིས་(El Salvador)་རྒྱལ་ཁབ་ཀྱིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་གཞོན་པའི་མཛད་འགན་བཞེས་གནང་སྐབས། རྒྱལ་ཚོགས་ནང་བོད་དོན་རྒྱབ་སྐྱོར་གནང་བ་དེར་བོད་མི་རྣམས་ཀྱིས་སྙིང་ཐག་པ་ནས་བཀྲིན་བསམ་ཤེས་ཀྱིས་དྲན་གསོ་ཞུ་བཞིན་ཡོད་ཅེས་གསུངས་འདུག

ད་དུང་སྲིད་སྐྱོང་མཆོག་གིས་(El Salvador)་ནི་འཛམ་གླིང་གི་རྒྱལ་ཁབ་ཁོངས་ནས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནང་བོད་དོན་གླེང་སློང་གནང་མཁན་གྱི་རྒྱལ་ཁབ་དང་པོ་ཡིན་པ་རེད་ཅེས་དང་། སྐུ་ཞབས་(Moreno)་ལགས་ནི་རྒྱལ་སྤྱིའི་ནང་བོད་དོན་ལས་འགུལ་འགོ་འཛུགས་གནང་མཁན་ཞིག་ཡིན་པ་བོད་མི་རྣམས་ཀྱིས་ནམ་ཡང་བརྗེད་ཐབས་མེད་པ་མ་ཟད། ཁོང་གིས་སྐུ་ཚེ་རིང་བོད་དོན་ལ་རྒྱབ་སྐྱོར་གནང་བ་དང་། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ཐུགས་འདྲིས་ཉེ་པོ་ཡོད་མཁན་ཞིག་ཀྱང་ཡིན་པ་གསུངས་པ་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་འདུག

གསར་འགོད་པ། ལྷུན་གྲུབ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།