བཀའ་ཤག་གི་ངོས་ནས་རྒྱ་ནག་གཞུང་ལ་བོད་ནང་གི་གནས་སྟངས་སྐོར་གྱི་སྙན་ཞུ་ཞིག་འབུལ་འཆཪ་འདུག

2021.11.30
བཀའ་ཤག་གི་ངོས་ནས་རྒྱ་ནག་གཞུང་ལ་བོད་ནང་གི་གནས་སྟངས་སྐོར་གྱི་སྙན་ཞུ་ཞིག་འབུལ་འཆཪ་འདུག སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་རཱཇ་པུར་དུ། ༡༡།༣༠།༢༡
SPT@facebook

སྤྱི་ཟླ་༡༡་པའི་ཚེས་༣༠་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ར་ཇའི་སྤུར་དང་། བདེ་སྐྱིད་གླིང་གཙོས་ལྡེ་ར་ལྡུན་ཁུལ་དང་སིར་མོ་རྫོང་ཁོངས་ཀྱི་བོད་མིའི་གཞིས་སྒར་ཁག་དང་། ཚོགས་སྡེ་ཁག་ཏུ་ཆེད་བཅར་གྱིས་མི་མང་གི་བདེ་སྡུག་གི་གནས་སྟངས་རྒྱུས་ལོན་གནང་བཞིན་པ་དང་། སྲིད་སྐྱོང་མཆོག་གིས་དེ་སྔོན་འདིའི་ཁུལ་གྱི་སློབ་གྲྭ་ཁག་ཏུ་ཆེད་བཅར་ཞུས་པ་ལས་བོད་མིའི་གཞིས་སྒར་ཁག་ཏུ་བཅར་ཏེ་མི་མང་གི་བདེ་སྡུག་གི་གནས་སྟངས་ཤེས་རྟོགས་བྱུང་མེད་སྟབས་ད་ལན་མི་མང་གི་གནས་སྟངས་རྒྱུས་ལོན་ཆེད་བཅར་བ་ཡིན་ཞེས་གསུང་སོང་།
རྩ་བའི་གཞིས་སྒར་ཁག་གི་མི་མང་རྣམས་ཀྱི་བདེ་སྡུག་གི་གནས་སྟངས་རྒྱུས་ལོན་ཙམ་མ་ཟད། ཨུཏ་ཏིར་ཁན་ཊིའི་མངའ་སྡེའི་ནང་བཙན་བྱོལ་བོད་མིའི་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་༢༠༡༤་ཞེས་པའི་སྲིད་བྱུས་ལག་བསྟར་ཡོང་ཆེད་དུ་ཆེད་ཕེབས་གནང་བ་རེད་ཅེས་གསུང་སོང་། ལྡེ་ར་ལྡུན་ས་གནས་འགོ་འཛིན་དོན་གྲུབ་རྒྱལ་པོ་ལགས་ནས་གསུངས་སོང་།
སྲིད་སྐྱོང་མཆོག་ར་ཇའི་སྤུར་བུད་མེད་མཉམ་ལས་བཟོ་གྲྭར་ཆེད་ཕེབས་ཀྱིས་དེ་གའི་མི་མང་རྣམས་ལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་འགན་གཙོ་བོ་གཉིས་ཡོད་པ་ནི། བོད་རྒྱ་འབྲེལ་མོལ་བྱེད་རྒྱུ་དང་། བཙན་བྱོལ་བོད་མིའི་བདེ་སྡུག་ལྟ་རྟོགས་བྱེད་རྒྱུ་དེ་སོང་། ད་ལན་འདིར་མི་མང་གི་དགོས་མཁོ་སྐོང་བ་ལ་མི་མང་གི་དགོས་མཁོ་གང་ཡིན་ཤེས་རྟོགས་ཡོང་ཆེད་དུ་ཆེད་བཅར་ཞུས་ཡོད་པ་དང་། བཀའ་ཤག་གི་ངོས་ནས་བོད་རྒྱ་འབྲེལ་མོལ་གྱི་ལས་དོན་དེ་གལ་ཆེར་བརྩིས་ཏེ་ལས་གཞི་ཁག་བསྐྱར་སྒྲིག་དང་། ལེགས་བཅོས་སོགས་གྲ་སྒྲིག་བྱེད་མུས་ཡིན་ཞེས་དང་། ད་དུང་རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་ཁག་བོད་རྒྱ་ཕྱོགས་གཉིས་ཀར་ཁེ་ཕན་མེད་ལུགས་འཁོད་པའི་སྙན་ཞུ་ཞིག་རིང་མིན་ཕུལ་འཆར་ཡོད་ཅེས་གསུང་སོང་།
གཞན་ད་ལྟའི་བཀའ་ཤག་གི་ངོས་ནས་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་ཁག་ལམ་ལྷོང་དང་ཚགས་ཚུད་ཡོང་སླད་ཕྱོགས་ཡོངས་ནས་བཅོས་སྒྲིག་སོགས་བྱེད་འཆར་ཡོད་ལུགས་དང་། ལྷག་པར་དུ་༧བདེ་སྲུང་ལས་ཁུངས་ཀྱིས་ངོས་ནས་བོད་ནང་གི་གནས་སྟངས་ལ་རྒྱུས་ལོན་ཆེད་ཞིབ་འཇུག་བྱེད་རྒྱུའི་ལས་འགན་བཀོད་སྒྲིག་གིས་བོད་ནང་གནས་སྟངས་རྒྱུས་ལོན་ཤུགས་ཆེ་བ་ཡོང་རྒྱུའི་འབད་བརྩོན་བྱ་རྒྱུ་ཡིན་ཞེས་གསུངས་སོང་།

T113021KCLP སྲིད་སྐྱོང་མཆོག་གིས་མི་མང་ལ་གསུང་བཤད་གནང་བཞིན་པ།. .JPG
སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཚེས་༢༦་ནས་༢༩་བར་ལྡི་ལིར་ཕྱོགས་ཕེབས་ཀྱིས་རྒྱ་གར་གྱི་གསར་འགོད་མཐུན་ཚོགས་ནང་མཉམ་ཞུགས་དང་། དེ་བཞིན་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སློབ་གྲྭ་ཁག་དྲུག་རྩིས་ལེན་དང་འབྲེལ་རྒྱ་གར་དབུས་ཤེས་རིག་ལས་ཁུངས་སུ་ཆེད་བཅར་གནང་འདུག འདི་ཚེས་༣༠་ནས་ཟླ་བ་༡༢་པའི་ཚེས་༤་བར་བདེ་སྐྱིད་གླིང་དང་། དོན་གྲུབ་གླིང་། ར་ཇའི་སྤུར་གཙོས་ལྡེ་ར་ལྡུན་ཁུལ་གྱི་བོད་མིའི་གཞིས་སྒར་ཁག་དང་སིར་མོར་རྫོངས་ཁོངས་བོད་མིའི་གཞིས་སྒར་ཁག་དང་སློབ་གྲྭ་ཁག་ཏུ་གཟིགས་ཞིབ་གནང་རྒྱུ་ཡིན་པ་རེད་འདུག

གསར་འགོད་པ། བློ་བཟང་།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དགེ་འདུན་པ་བསྟན་འཛིན་མཁྱེན་རབ་ལགས་ཀྱི་ཨ་མ་སྦོ་རྡེ་ལགས་སེམས་འཁྲལ་རྐྱེན་གྱིས་འདས་གྲོངས་སུ་ཕྱིན་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎