སྲིད་སྐྱོང་མཆོག་ཀར་ན་ཀྲ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དང་མཇལ་འཕྲད་སྐབས་རྒྱ་གར་གཞུང་གིས་བོད་མི་ཚོར་མུ་མཐུད་མཐུན་འགྱུར་གནང་རྒྱུ་ཡིན་པ་གསུངས་འདུག

2022.05.31
སྲིད་སྐྱོང་མཆོག་ཀར་ན་ཀྲ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དང་མཇལ་འཕྲད་སྐབས་རྒྱ་གར་གཞུང་གིས་བོད་མི་ཚོར་མུ་མཐུད་མཐུན་འགྱུར་གནང་རྒྱུ་ཡིན་པ་གསུངས་འདུག སྲིད་སྐྱོང་མཆོག་ཀར་ན་ཀྲ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དང་མཇལ་འཕྲད་སྐབས།
Sikyong Penpa Tsering/facebook

འདི་ཚེས་༣༠ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་རྒྱ་གར་ལྷོ་ཕྱོགས་སུ་འཚམས་གཟིགས་སྐབས་ཀར་ན་ཀྲ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་Basavaraj Boomaiམཆོག་བྷེང་ལོར་དུ་མཇལ་འཕྲད་གནང་བའི་སྐབས། མངའ་སྡེ་སྤྱི་ཁྱབ་བློན་ཆེན་མཆོག་ནས་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཀར་ན་ཀྲ་ཀ་མངའ་སྡེ་གཞུང་གི་གུས་བརྩི་ཡོད་པ་དང་བོད་མི་ཚོས་རྒྱ་གར་གྱི་རིག་གཞུང་བདག་ཉར་གནང་བ་དེར་མུ་མཐུད་རྒྱུ་འཛིན་ཡོང་རྒྱུར་རྒྱ་གར་གཞུང་གིས་བོད་མི་ཚོར་སྔར་མུས་ལྟར་མཐུན་འགྱུར་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་ཀར་ན་ཀྲ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་བྷ་ས་ཝ་རཇ་བྷོ་མ་ཡ་ལགས་ཀྱི་གསུང་གནང་འདུག

ཡང་མངའ་སྡེ་སྤྱི་ཁྱབ་བློན་ཆེན་མཆོག་མཇལ་ཕྲད་ཞུ་སྐབས་སྲིད་སྐྱོང་མཆོག་ནས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་འཛིན་ཏེ་བོད་མིའི་འཕྲལ་ཕུགས་གཉིས་ཀྱི་ལས་དོན་སྒྲུབ་རྒྱུར་འབད་བརྩོན་གནང་བཞིན་ཡོད་པའི་ངོ་སྤྲོད་གནང་བ་དང་ལྷག་པར་དུ་ད་བར་ཀར་ན་ཀྲ་ཀ་མངའ་སྡེ་གཞུང་ནས་བོད་མི་ཚོར་མཐུན་འགྱུར་རྒྱབ་སྐྱོར་གནང་བར་བཀྲིན་རྗེས་དྲན་ཞུས་པ་ད་དུང་མུ་མཐུད་རྒྱབ་སྐྱོར་གནང་བའི་འབུལ་སྐུལ་ཞུས་གནང་ཡོད་པ་རེད་འདུག

དེ་མཚུངས་ཉིན་དེར་སྲིད་སྐྱོང་མཆོག་ནས་ལས་ཁྱུར་ཉེ་བའི་མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་ར་ཝི་ཀུ་མར་མཆོག་ལ་དེ་མཚུངས་ཀྱི་བོད་མི་ཚོར་མཐུན་འགྱུར་རྒྱབ་སྐྱོར་གནང་བའི་འབོད་སྐུལ་ཞུས་པ་མ་ཟད་ད་དུང་ཁོང་རྣམ་གཉིས་ལ་༧གོང་ས་མཆོག་གིས་བྱིན་གྱི་བརླབས་པའི་ཕྱག་རྟགས་སྟོན་པའི་སྐུ་བརྙན་ཕུལ་གནང་ཡོད་སྐོར་སྦེང་ལོར་ལྷོ་སྤྱིས་གསུང་གནང་བྱུང་

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་འདི་ཚེས་༣༡་ཉིན་སྦེ་ལ་ཀོ་པི་གཞིས་ཁུངས་སུ་བོད་མིའི་ཚོས་ཕེབས་བསུའི་སྣེ་ལེན་ཟབ་རྒྱས་ཞུས་པའི་ཁྲོད་གཞིས་ཆགས་འདིའི་ནང་ཕེབས་འབྱོར་བྱུང་ཏེ་སྲིད་སྐྱོང་མཆོག་ནས་སྦེ་ལ་ཀོ་པི་བོད་ཕྲུག་ཁྱིམ་སྡེའི་ཚོགས་ཁང་གི་ནང་དུ་ཁྱིམ་སྡེ་འདི་དང་སྦེ་ལ་ཀོ་པི་ལུགས་བདེ་གཞིས་ཁུངས་གཉིས་ཀྱི་སམ་བྷོ་ཌའི་དགེ་ལས་སློབ་ཕྲུག་རྣམས་ལ་གསུང་བཤད་གནང་སྐབས་ཁོང་གི་མི་རབས་དེ་ནི་དེ་སྔོན་གྱི་མི་རབས་དང་ད་ལྟའི་ན་གཞོན་ཚོའི་མི་རབ་བར་མཚམས་སྦྱར་མཁན་མི་རབས་ཡིན་དུས་ད་ལྟའི་མི་རབས་འདིའི་ན་གཞོན་རྣམས་ལ་དེ་སྔ་དང་མི་འདྲ་བར་གང་སྤྱིར་མཐུན་རྐྱེན་བཟང་བ་ཡོད་པ་དེ་ཆུ་ཟོས་མ་གཏང་བར་སློབ་སྦྱོང་ལ་ཧུར་བརྩོན་གྱི་མ་འོངས་བོད་དོན་ཐོག་འགན་འཁུར་ཐུབ་པ་ཞིག་བྱ་དགོས་པའི་སྐུལ་མ་གནང་སོང་

གཞན་ཡང་ཁོང་ནས་བོད་རིགས་སློབ་ཕྲུག་རྣམས་ལ་མི་ཚེ་དོན་ལྡན་ཞིག་ཡོང་བ་དང་བོད་མི་རིགས་ཀྱི་སྲོག་རྩ་བོད་པའི་ཆོས་དང་རིག་གཞུང་སྐད་ཡིག་བདག་གཅེས་རྒྱུན་འཛིན་གནང་བའི་ཐོག་ཤེས་བྱ་རིག་པའི་གནད་སྤྱི་དང་ལྷག་པར་བོད་ནང་གི་དངོས་ཡོད་གནས་སྟངས་ཤེས་རྒྱུར་དོ་སྣང་གི་གཞིས་ལུས་བོད་མི་ཚོའི་མགྲིན་ཚབ་པ་བྱེད་དེ་བོད་དོན་དྲིལ་བསྒྲགས་བྱ་རྒྱུར་གལ་ཆེན་པོ་ཡིན་པའི་ལམ་སྟོན་གནང་ཡོད་པ་རེད་ལ་སྲིད་སྐྱོང་མཆོག་གིས་གསུང་བཤད་གྲུབ་མཚམས་སྦེ་ལ་ཀོ་པི་སེ་ར་ཆོས་སྒར་དུ་ཆོས་མཇལ་དང་ཆོས་སྒར་དེའི་དགེ་འདུན་འདུས་མང་ལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དང་ལས་དོན་གནང་ཕྱོགས་སོགས་ཀྱི་སྐོར་བཀའ་མོལ་གནང་ཡོད་པ་རེད་ལ་ད་དུང་མུ་མཐུད་གཞིས་ཆགས་འདིའི་ནང་ཕྱི་ཟླ་༦་ཚེས་༣་་བར་འཚམས་འདྲིའི་གཟིགས་སྐོར་གནང་ཡོད་མ་ཟད་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྲིད་སྐྱོང་གི་མཛད་འཁུར་བཞེས་ཏེ་ལོ་གཅིག་ཕྱིན་པའི་རྗེས་ད་ལན་ཁོང་སྦེ་ལ་ཀོ་པི་གཞིས་ཁུངས་སུ་ཕེབས་པ་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཕྲོད་བཞེས་སྤྱིའི་ཆ་ནས་ཧ་ཅང་ཡག་པོ་ཡོད་པ་སྲིད་སྐྱོང་མཆོག་གིས་གསུངས་བྱུང་།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨའོསི་ཊརེ་ལི་ཡའི་སྲིད་བློན་གྱིས་རྒྱ་ནག་གི་སྲིད་བློན་དང་ལྷན་འགྲོ་བ་མིའི་ཐོབ་ཐང་གཙོས་པའི་གནད་དོན་ཁག་ཅིག་སྐོར་གླེང་སློང་གནང་རྒྱུ་ཡིན་པ་གསུངས་བྱུང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎