སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཨོ་སེ་ཀྲེ་ལེ་ཡར་ཕེབས་ཐོན་གནང་འདུག

2018-12-03
གློག་འཕྲིན།
མཆན།
Share
པར་བཀོད།
སྲིད་སྐྱོང་བློ་བཟང་སེང་གེ་མཆོག 2017
སྲིད་སྐྱོང་བློ་བཟང་སེང་གེ་མཆོག 2017
Lhuboom/RFA

སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཨོ་སེ་ཀྲེ་ལེ་ཡའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོའི་ཐོག་མཉམ་ཞུགས་གནང་བར་ཕེབས་ཐོན་གནང་འདུག
དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཚེས་གསུམ་ཉིན་བཞུགས་སྒར་ནས་ཕེབས་ཐོན་གྱིས་ཨོ་སེ་ཀྲེ་ལི་ཡའི་(australia)ནང་འདི་ཚེས་ལྔ་ཉིན་ཚོགས་རྒྱུའི་ཨོ་སེ་ཀྲེ་ལི་ཡའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོའི་ཐོག་མཉམ་ཞུགས་གནང་འཆར་ཡོད་པ་དང་ཚེས་བདུན་ཉིན་ཕྱིར་རྒྱ་གར་ལ་ཕེབས་རྒྱུ་ཡིན་འདུག
དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་ལོ་ ༢༠༡༨ ལོ་འདི་བཞིན་རྒྱ་གར་གྱི་གཙོས་བོད་མིའི་གནས་ཡུལ་གྱི་རྒྱལ་ཁབ་ཚོའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལོར་སྲུང་བརྩི་ཞུ་གཏན་འཁེལ་བ་ལྟར་ལོ་འདིའི་འགོ་སྟོད་ནས་བཟུང་རྒྱ་གར་གྱི་མངའ་སྡེ་གང་ས་དང་ཕྱིའི་ཡུལ་གྲུ་ཁག་འགའ་ཤས་ལ་སྲུང་བརྩི་ཞུས་ཟིན་པ་རེད། དཔེར་ན་འདས་པའི་ཟླ་བ་བཅུ་གཅིག་པའི་ནང་ཡོ་རོབ་ཀྱི་ཡུལ་གྲུ་ནེ་དར་ལན་དྲའི་ནང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡོ་རོབ་ཡན་ལག་ལས་ཁུངས་དང་ཁུལ་དེའི་བོད་རིགས་སྤྱི་མཐུན་ཚོགས་པ་ཐུན་མོང་ནས་གོ་སྒྲིག་གིས་མཛད་སྒོའི་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་གསུང་བཤད་གནང་ཡོད་པ་རེད།
སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཕྱི་ཟླ་བཅུ་གཅིག་པའི་ནང་ཨ་རི་དང་ཁེ་ན་དྲས་གཙོས་ཡུལ་གྲུ་དྲུག་ཙམ་ནང་འཚམས་གཟིགས་ཕེབས་ཏེ་རྒྱལ་ཁབ་དེ་དག་གི་ནང་གནས་སྡོད་བོད་མི་ཚོར་མཇལ་འཕྲད་བཀའ་སློབ་དང་། ལྷག་པར་དུ་ཡུལ་གྲུ་དེ་དག་གི་གྲོས་ཚོགས་འཐུས་མི་། གནད་ཡོད་མི་སྣ། གསར་འགོད་པ་ཚོར་མཇལ་འཕྲད་སོགས་ཀྱི་ལམ་ནས་བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་སྟངས་ངོ་སྤྲོད་དང་འབྲེལ་བོད་དོན་གནས་སྟངས་གོ་རྟོག་ཆེ་རུ་སྤེལ་ཐབས་དང་། བོད་མི་སྐྱབས་བཅོལ་བའི་ཆོས་དང་རིག་གཞུང་ཐོག་མཐུན་འགྱུར་རོགས་རམ་འབོད་སྐུལ་ཞུས་ཡོད་པ་རེད།

གསར་འགོད་པ་རིག་འཛིན་ཆོས་སྒྲོན།

མཆན། (0)
Share
དྲ་གནས་ཆ་ཚང༌།