སྲིད་སྐྱོང་མཆོག་གིས་ཉི་ཧོང་ནང་འཚམས་གཟིགས་གནང་བཞིན་འདུག

2018-02-19
གློག་འཕྲིན།
མཆན།
Share
པར་བཀོད།
སྲིད་སྐྱོང་མཆོག་ཉི་ཧོང་གི་(Reitaku )སློབ་གྲྭ་ཆེན་མོའི་ནང་། ༢༠༡༨།༢།༡༨
སྲིད་སྐྱོང་མཆོག་ཉི་ཧོང་གི་(Reitaku )སློབ་གྲྭ་ཆེན་མོའི་ནང་། ༢༠༡༨།༢།༡༨
tibet.net

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ཉི་ཧོང་དུ་ཉིན་གྲངས་དྲུག་རིང་གི་གཞུང་དོན་འཚམས་གཟིགས་ཆེད་ཕེབས་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་སྤྱི་ཚེས་༡༧་ཉིན་ཉི་ཧོང་དུ་ཕེབས་ཡོད་པ་དང་། འདི་ནི་ཁོང་གི་ཉི་ཧོང་གི་གཞུང་འབྲེལ་གཞུང་དོན་འཚམས་གཟིགས་ཐེངས་བཞི་བ་དེ་ཆགས་ཡོད་འདུག ད་ཐེངས་སྲིད་སྐྱོང་མཆོག་ཉི་ཧོང་དུ་རྒྱལ་དོན་འཚམས་གཟིགས་སྐབས་སུ་གཙོ་བོར་ཉི་ཧོང་གི་གྲོས་ཚོགས་འཐུས་མི་ཁག་དང་མཇལ་འཕྲད་གནང་རྒྱུ་ཡིན་པ་དང་། དེ་བཞིན་ཉི་ཧོང་གི་གསར་འགྱུར་བརྒྱུད་ལམ་འདྲ་མིན་ཁག་ནང་བཀའ་མོལ་གནང་རྒྱུ་ཡིན་པ་མ་ཟད། ཁོང་གིས་ཡང་བོད་དེ་རྒྱལ་སྤྱིའི་སྡིངས་ཆ་སྟེང་གལ་གནད་ཆེ་བའི་སྐོར་དང་། དེ་བཞིན་བོད་དང་འབྲེལ་བའི་གནད་དོན་འདྲ་མིན་ཁག་གི་ཐད་ལ་མང་ཚོགས་ལའང་གཏམ་བཤད་གནང་རྒྱུའི་གོ་སྒྲིག་ཡོད་འདུག  
སྲིད་སྐྱོང་མཆོག་ཉི་ཧོང་དུ་ཉིན་གྲངས་དྲུག་རིང་གི་འཚམས་གཟིགས་མཇུག་གྲུབ་རྗེས་སྤྱི་ཟླ་གཉིས་པའི་ཚེས་༢༣་ཉིན་ཉི་ཧོང་ནས་ཕྱིར་བཞུགས་སྒར་དུ་ཕེབས་ཐོན་གནང་རྒྱུ་ཡིན་པ་རེད།

གསར་འགོད་པ་གུ་རུ་ཆོས་སྐྱིད།

མཆན། (0)
Share
དྲ་གནས་ཆ་ཚང༌།