བོད་རྒྱ་གཉིས་ཕན་ཚུན་བར་གྲོས་མོལ་བསྐྱར་གསོ་བྱ་དགོས་པའི་འབོད་སྐུལ།


2019.03.26
ཇར་མ་ནི་(German)གྲོས་ཚོགས་ཚོགས་ཁང་། ཇར་མ་ནི་(German)གྲོས་ཚོགས་ཚོགས་ཁང་།
file/tibet.net

ཇར་མ་ནི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་ནས་རྒྱ་ནག་གཞུང་ལ་བོད་རྒྱ་གཉིས་ཕན་ཚུན་བར་གྲོས་མོལ་བསྐྱར་གསོ་བྱ་དགོས་པའི་འབོད་སྐུལ་གནང་འདུག
ཇར་མ་ནི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་དང་གྲོས་ཚོགས་ཀྱི་འགྲོ་བ་མིའི་རིགས་ཀྱི་རོགས་རམ་སྡེ་ཚན་ཐོུང་གིས། རྒྱ་ནག་གཞུང་ལ་བོད་མིའི་ཐོག་དྲག་གནོན་གྱི་བྱ་སྤྱོད་འཕྲལ་དུ་མཚམས་འཇོག་བྱ་དགོས་པ་དང་བོད་མིའི་སྐུ་ཚབ་ལྷན་དུ་བོད་རྒྱའི་གྲོས་མོལ་བསྐྱར་གསོ་བྱ་དགོས་པའི་རེ་སྐུལ་གྱི་ཟུང་འབྲེལ་གསལ་བསྒྲགས་ཤིག་ཕྱི་ཚེས་༢༥ ཉིན་སྤྱི་བསྒྲགས་གནང་ཡོད་ཅིང་། དེ་ནི་ཇར་མན་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གིས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ལོ་ངོ་༦༠ འཁོར་བའི་དུས་ཚིགས་དང་བསྟུན་ནས་སྤྱི་བསྒྲགས་གནང་བ་ཞིག་ཡིན་འདུག
སྤྱི་བསྒྲགས་དེའི་ནང་། རྒྱ་ནག་གི་དྲག་གནོན་འོག་བོད་མིའི་རིག་གཞུང་དང་སྐད་ཡིག མི་རིགས་ཀྱི་ངོ་བོ། ཆོས་ལུགས་བཅས་ཀྱི་འཚོ་གནས་ལ་ཉེན་ཁ་བཟོ་བཞིན་པར་ཧ་ཅང་གི་སེམས་འཚབ་ཆེན་པོ་ཡོད་པ་གསལ་བཏོན་གནང་ཡོད་པར་མ་ཟད། གནས་སྟངས་འདིར་མ་བཟོད་པར་བོད་མི་ ༡༥༠ ཙམ་གྱིས་རང་ལུས་མེར་བསྲེགས་བཏང་པ་དང་། བོད་ནང་གི་དགེ་འདུན་པ་ཚོས་མུ་འཐུད་ཞུ་འབོད་ཆེན་པོ་གནང་བཞིན་པ་དེས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐོག་ཤུགས་རྐྱེན་ཞིག་ངེས་པར་དགོས་པ་བརྗོད་འདུག
ད་དུང་ཇར་མན་གྲོས་ཚོགས་ཀྱི་ཚོགས་ཆུང་དེ་གཉིས་ཀྱི་བསྒྲགས་གཏམ་དེའི་ནང་། བོད་མི་ཚོས་རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམས་གཞིའི་འོག་ཚད་ལྡན་གྱི་རང་སྐྱོང་འབྱུང་ཐབས་བྱེད་པའི་དབུ་མའི་ལམ་གྱི་ལངས་ཕྱོགས་འདི་ནི་མ་འོངས་པར་དཀའ་རྙོག་མི་ཡོང་བའི་སྔོན་འགོག་གི་གོ་སྐབས་ཞིག་ཡིན་པར་ངོས་འཛིན་གནང་འདུག་ཅིང་།  ཚོགས་ཆུང་གི་ངོས་ནས་བོད་མིའི་རིག་གཞུང་ལ་བརྩི་བཀུར་ཆེན་པོ་ཡོད་པའི་ཁར་བཙན་གནོན་འོག་ཡོད་པ་ཞི་བདེར་དགའ་བའི་བོད་མི་རིགས་ཚོར་ཤ་ཚ་དང་གདུང་སེམས་མཉམ་བསྐྱེད་ཡོད་པ་གསུངས་འདུག
བསྒྲགས་གཏམ་དེར་ཇར་མ་ནི་གཞུང་འཛིན་ཆབ་སྲིད་ཚོགས་པ་(CDU)འམ་(CSU)དང་SDP, དེ་བཞིན་(FSP)གུ་ཡངས་ཚོགས་པ། ལྗང་ཁུ་ཚོགས་པ་བཅས་ནས་རྒྱབ་སྐྱོར་གནང་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་སྲིད་འཛིན་ ༤༧ པ་ཌོ་ནལཌི་ཊམཔ་མཆོག་གིས་གཞུང་འཛིན་གྱི་འགན་འཁུར་བཞེས་པའི་སྐབས་འདིར། ཨ་མི་རི་ཀས་བོད་དོན་ལ་མུ་མཐུད་རྒྱབ་སྐྱོར་གནང་རྒྱུར་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་མང་གིས་ཐུགས་རེ་གནང་བཞིན་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་མི་བཞི་ལ་དབྱིན་ཇིའི་རྒྱལ་པོ་Charles III ཡི་ཁྲི་འདོན་གྱི་རྟགས་མ་དང་ཕྱག་ཁྱེར་ཐོབ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎