བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་རྒྱ་གྲོས་མོལ་གྲ་སྒྲིག་ཡིན། སྲིད་སྐྱོང་མཆོག་གིས།

2019-04-24
གློག་འཕྲིན།
མཆན།
Share
པར་བཀོད།
སྲིད་སྐྱོང་བློ་བཟང་སེང་གེ་མཆོག 2019/4/24
སྲིད་སྐྱོང་བློ་བཟང་སེང་གེ་མཆོག 2019/4/24
RFA

བོད་རྒྱ་གྲོས་མོལ་ཡོང་རྒྱུར་འགག་ས་རྒྱ་ནག་གཞུང་ཡིན་པ་ལས་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ངོས་ནས་གྲ་སྒྲིག་ཡིན་ཞེས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསུངས་འདུག
དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རྒྱ་ནག་གཞུང་དང་ལྷན་དུ་གྲོས་མོལ་བྱ་རྒྱུར་ག་དུས་ཡིན་ཡང་གྲ་སྒྲིག་ཡིན་ཡང་འགག་ས་རྒྱ་ནག་གཞུང་ལ་ཐུག་ཡོད་པ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སྤྱི་ཟླ་༤པའི་སྤྱི་ཚེས་༢༤ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལྔ་དང་ལྔ་བཅུའི་འཆར་སྣང་དང་འབྲེལ་བའི་གསར་འགོད་ལྷན་ཚོགས་ཤིག་གནང་པའི་ཐོག་གསུངས་ཡོད་པ་རེད།
སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཞག་པའི་ཐོག་ནས་རྒྱ་ནག་གཞུང་དང་ལྷན་དུ་གྲོས་མོལ་གནང་རྒྱུ་གྲ་སྒྲིག་ཡིན་ཞིང་། ལྷག་པར་དུ་བོད་རྒྱ་གྲོས་མོལ་ཡོང་བར་བརྒྱ་ཆ་༩༠ རྒྱ་ནག་གཞུང་ལ་རག་ལས་ཡོད་པ་དང་། བོད་མི་སྒྲིག་འཛུགས་ཀྱི་ངོས་ནས་ད་བར་བོད་རྒྱ་གྲོས་མོལ་ཐད་འཐུས་ཤོར་བཏང་མེད་པ་མ་ཟད། བོད་རྒྱ་གྲོས་མོལ་སླར་གསོ་ཡོང་བར་རྒྱ་ནག་གཞུང་ཕྱོགས་སུ་འགག་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ཀྱིས་ངོས་ནས་དུས་རྟག་ཏུ་རྒྱ་ནག་གཞུང་ལ་བོད་རྒྱ་གྲོས་མོལ་ཡོང་སླད་འབོད་སྐུལ་ཞུ་བཞིན་ཡོད་ཅེས་གསུངས་ཡོད་པ་རེད།
སྲིད་སྐྱོང་བློ་བཟང་སེངྒེ་ལགས་ཀྱིས་འདས་པའི་ལོ་དྲུག་ལྷག་རིང་བོད་རྒྱ་འབྲེལ་ལམ་གནང་མཁན་གྱི་སྐུ་ཚབ་གསར་བསྐོ་མ་གནང་པར་སྤྱི་འཐུས་གྲོས་ཚོགས་ནང་སྐྱོན་བརྗོད་དང་དྭོགས་འདྲི་མང་པོ་བྱུང་ཡོད་ལ། དེ་བཞིན་སྤྱི་ཚོགས་ཁྲོད་ཀྱང་གླེང་མོལ་ཆེན་པོ་བྱ་ཡུལ་ཞིག་ཏུ་གྱུར་ཡོད་པ་རེད།  བོད་རྒྱ་འབྲེལ་མོལ་སྐུ་ཚབ་བཀའ་ཟུར་འདས་པོ་རྒྱ་རི་བློ་གྲོས་རྒྱལ་མཚན་ལགས་དང་སྐལ་བཟང་རྒྱལ་མཚན་ལགས་རྣམ་གཉིས་ཕྱི་ལོ་ ༢༠༡༢ ཕྱི་ཟླ་ ༦ ཚེས་ ༡ ཉིན་སྐུ་ཚབ་ཀྱི་ལས་འགན་ནས་དགོངས་ཞུ་གནང་པའི་རྗེས་ད་བར་སྐུ་ཚབ་གསར་པ་བསྐོ་བཞག་གནང་མེད་པ་རེད། འོན་ཀྱང་ཕྱི་ཟླ་ ༤ ཚེས་ ༢༤ ཉིན་གྱི་གསར་འགོད་ལྷན་ཚོགས་སྐབས་སྲིད་སྐྱོང་མཆོག་བློ་བཟང་སེངྒེ་མཆོག་གིས། བྱང་ཀོ་རི་ཡའི་གཙོ་འཛིན་(Kim Jong-Un) དང་ཨ་རིའི་སྲིད་འཛིན་(Donald Trump)གཉིས་བར་སྐུ་ཚབ་མེད་པའི་ཐོག་ནས་ཐུག་འཕྲད་གནང་པ་དཔེ་མཚོན་དུ་གསུངས་སྟེ།  གྲོས་མོལ་ཡོང་བར་ངེས་པར་དུ་སྐུ་ཚབ་དགོས་ཀྱི་ཡོད་པ་ཁྱབ་ཀྱི་མེད་པ་འགྲེལ་བརྗོད་གནང་ཐབས་གནང་ཡོད་པ་རེད།
རྒྱ་ནག་གཞུང་ཕྱོགས་ནས་དབུས་བོད་མིའི་སྒྲིག་འཛུགས་ངོས་ལེན་བྱེད་ཀྱི་མེད་སྟབས། ད་བར་བོད་རྒྱ་འབྲེལ་མོལ་རིམ་པ་བྱུང་བའི་བོད་པའི་སྐུ་ཚབ་ཡོངས་རྫོགས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ཀྱི་ངོ་བོའི་ཐོག་ནས་གནང་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།