བོད་དང་ཞིན་ཅིང་ལ་དམ་དྲག་གིས་མུན་ནག་ཅན་ལ་བསྒྱུར་བཞིན་འདུག

2016-08-24
གློག་འཕྲིན།
མཆན།
Share
པར་བཀོད།
བོད་ནང་དམ་དྲག་སྐབས་རྒྱ་ནག་གི་ཉེན་རྟོག་དམག་གིས་ཁང་ཐོག་ནས་སོ་བལྟ་བྱེད་བཞིནཔ།
བོད་ནང་དམ་དྲག་སྐབས་རྒྱ་ནག་གི་ཉེན་རྟོག་དམག་གིས་ཁང་ཐོག་ནས་སོ་བལྟ་བྱེད་བཞིནཔ།
བོད་འབྱོར།

བོད་དང་ཤིན་ཅིང་ཡུ་གུར་གཙོས་པའི་ས་གནས་ཁག་གི་གནས་འཕྲིན་དྲ་རྒྱའི་བརྒྱུད་ལམ་ཁག་ལ་རྒྱ་ནག་གཞུང་གིས་ཆེས་དམ་དྲག་བྱེད་བཞིན་པའི་རྐྱེན་གྱིས་ས་ཁུལ་དེ་དག་གི་ནང་དུ་བྱུང་བའི་དངོས་ཡོད་གནས་ཚུལ་ཕྱི་ཕྱོགས་སུ་དུས་ཐོག་སླེབས་ཐུབ་ཀྱི་མེད་པ་རེད།  
དེ་ཡང་སྤྱི་ཚོགས་དྲ་རྒྱའི་ཐོག་གི་རིག་གནས་དང་འཚོ་བའི་སྐོར་ལ་ཞིབ་འཇུག་གནང་མཁན་ The Daily Dot་ཞེས་པའི་གསར་ཁང་གི་དྲ་ཐོག་རྩོམ་པ་པོ་Nithin Coca ཞུ་བ་ཞིག་གིས་གནས་ཚུལ་སྤེལ་བ་ལྟར་ན། ད་ལོའི་སྤྱི་ཟླ་༣་པའི་ཟླ་མཇུག་ཙམ་ལ་ཟི་ཁྲོན་མཛོད་དགེ་རྫོང་ཁུལ་དུ་ཕྲུ་གུ་ལྔའི་ཨ་མ་བསོད་ནམས་འཚོ་ཞུ་བ་ཞིག་གིས་རྒྱ་ནག་གཞུང་གིས་བོད་མིའི་ཐོག་འཛིན་པའི་དྲག་གནོན་ཀྱི་སྲིད་ཇུས་ལ་བཟོད་ཐབས་བྲལ་ནས་རང་ལུས་མེར་བསྲེགས་བྱས་ཡོད་ཡོད་པ། ཁོང་ནི་སྤྱི་ལོ་༢༠༠༩་ལོ་ནས་ད་བར་བོད་མིས་རང་ལུས་མེར་བསྲེགས་བཏང་མཁན་གྲས་སུ་ཨང་༡༤༥་དེ་ཆགས་ཡོད་པ་རེད། ཡིན་ནའང་གནས་ཚུལ་དེ་གཟའ་འཁོར་ལྔ་དྲུག་གི་རྗེས་ལ་མ་གཏོགས་ཕྱི་ཕྱོགས་སུ་གནས་ཚུལ་འབྱོར་ཐུབ་མེད་པ་རེད། དེའི་རྒྱུ་མཚན་ནི་གསར་འགོད་སྲུང་སྐྱོབ་ལྷན་ཚོགས་ཀྱི་ཨེ་ཤེ་ཡ་ཤར་ནུབ་གྱི་གསར་འགོད་པ་Yaqiu Wang་ཞུ་བ་ཞིག་གིས་ཟེར་ན། རྒྱ་ནག་གུང་ཁྲན་ཏང་གི་ཆབ་སྲིད་དབང་བསྒྱུར་གཅིག་འཛིན་གྱི་ལམ་ལུགས་འཚོ་གནས་བྱེད་བཞིན་ཡོད་ལ། རྒྱ་ནག་སྲིད་གཞུང་གིས་བོད་དང་ཞིན་ཅིང་ནང་དུ་ག་རེ་བྱུང་བཞིན་ཡོད་མེད་ཕྱི་ཕྱོགས་སུ་ཤེས་འཇུག་འདོད་མེད་པ་རེད་ཅེས་བརྗོད་འདུག  
ཡང་བོད་མི་མང་གི་སྤྱི་ཚོགས་ནང་འབྲེལ་ལམ་ཉེ་པོ་གནང་མཁན་Citizen Lab་ཞེས་པ་ཚོགས་པའི་ཞིབ་འཇུག་པ་Masashi Nishihata་གིས། རྒྱ་ནག་གཞུང་གིས་བོད་དང་ཡུ་གུར་ཤིན་ཅང་སོགས་ཀྱི་ནང་བྱུང་བའི་གནད་དོན་དེ་ཚོའི་ཐད་དམ་བསྒྲགས་ཤུགས་ཆེ་བྱེད་ཀྱི་ཡོད་པའི་རྐྱེན་གྱིས་བོད་མི་མང་པོར་ཞེད་སྣང་འོག་གནས་ཚུལ་བརྒྱུད་སྤྲོད་མི་ཕོད་པར། གོང་དུ་བསོད་ནམས་འཚོས་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་དེ་ཡུན་རིང་མུན་ནག་ཏུ་གནས་དགོས་དོན་དེར་ཐུག་ཡོད་པ་རེད་ཅེས་འགྲེལ་བརྗོད་བྱས་འདུག

གསར་འགོད་པ་ཕྲེང་རིང་བསྟན་ནོར།

མཆན། (0)
Share
དྲ་གནས་ཆ་ཚང༌།