སོག་ཙན་དན་དགོན་པའི་དགེ་འདུན་པ་བདུན་འཇུ་བཟུང་།

2015-03-18
གློག་འཕྲིན།
མཆན།
Share
པར་བཀོད།
སོག་རྫོང་ཙན་དན་དགོན་པའི་གྲྭ་རྣམ་རྒྱལ་ཚུལ་ཁྲིམས།
སོག་རྫོང་ཙན་དན་དགོན་པའི་གྲྭ་རྣམ་རྒྱལ་ཚུལ་ཁྲིམས།
ངག་དབང་ཐར་པ།

རྒྱ་ནག་གིས་རྒྱུ་མཚན་སོགས་གང་ཡང་མ་བཤད་པར་སོག་རྫོང་ཙན་དན་དགོན་པའི་དགེ་འདུན་པ་བདུན་འཇུ་བཟུང་བྱས་འདུག
དེ་ཡང་ངག་དབང་ཐར་པ་ལགས་ཀྱིས་འདི་གར་གནས་ཚུལ་བཏང་དོན། ཕྱི་ཟླ་༣ཚེས་༡༤ཉིན་གྱི་དགོང་མོར་སོག་རྫོང་ཙན་དན་དགོན་པའི་གྲྭ་པ་བདུན་རྒྱ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བཀག་ཉར་བྱས་ཡོད་པ་དང་། ཁོང་ཚོ་ནི་སོག་རྫོང་ཙན་དན་དགོན་པའི་གྲྭ་རྣམ་རྒྱལ་ཚུལ་ཁྲིམས་དང་། བློ་གྲོས་བསྟན་འཛིན། ཚུལ་ཁྲིམས་སྒོ་འབྱེད། ཚུལ་ཁྲིམས་རྣམ་རྒྱལ། ཐབས་མཁས་ལྷུན་འགྲུབ། འཇིག་མེད་ཚུལ་ཁྲིམས། འཇིགས་མེད་གྲགས་པ་བཅས་རེད་འདུག འཇུ་བཟུང་བྱེད་དགོས་དོན་ཡུལ་མི་ཚོས་ཚོད་དཔག་ལྟར་ན། བོད་དོན་དང་འབྲེལ་བའི་པར་རིས་དང་གནས་ཚུལ་ཕན་ཚུན་གཏོང་རེས་བྱས་པའི་རྐྱེན་རེད་འདུག འོན་ཀྱང་ཁོང་རྣམ་པ་འཛིན་བཟུང་བྱེད་པའི་རྒྱུ་མཚན་ཉེན་རྟོག་པས་འགྲེལ་བརྗོད་བྱས་མེད་པ་མ་ཟད་། ས་ཕྱོགས་གང་དུ་བཙོན་འཇུག་བྱས་མིན་ཡང་ཤེས་རྟོགས་བྱུང་མི་འདུག
སྤྱིར་ཙན་དན་དགོན་པའི་ཕྱི་ནང་བར་གསུམ་ལ་གསང་བའི་པར་ཆས་གྲངས་ལྔ་བཅུ་ཙམ་བཙུགས་ཡོད་པ་དང་། དེང་སྐབས་དགོན་པའི་ཕྱི་ནང་བར་གསུམ་དུ་ཉེན་རྟོག་མི་སྣ་མང་པོ་འགྲེམས་འཇོག་གིས་ཆུ་ཚོད་ཉེར་བཞིའི་རིང་ལྟ་སྲུང་བྱེད་ཀྱི་་ཡོད་པ་རེད། ཐ་ན་གྲྭ་པ་རྣམས་མཚན་མོ་ཕྱི་ལ་ཆབ་གསང་དུ་འགྲོ་དུས་ཉེན་རྟོག་མི་སྣས་སུན་པོ་བཟོ་བ་དང་། འཇིག་སྐུལ་སྐུལ་བ་སོགས་དེང་སྐབས་དགོན་པའི་བླ་གྲྭ་རྣམས་འཇིག་སྣང་དང་དངངས་སྐྲག་ངང་གནས་ཡོད་པ་རེད། ལོ་ན་བཅོ་བརྒྱད་མ་ཟིན་པ་ཚོ་གྲྭ་པ་བྱེད་མི་ཆོག་པའི་བཙན་བཀའ་ཡང་བཏང་འདུག

གསར་འགོད་པ་རིག་ལྡན་སྒྲོལ་མ།

མཆན། (0)
Share
དྲ་གནས་ཆ་ཚང༌།