༧གོང་ས་མཆོག་ནས་འཇིག་བྱེད་དཔའ་གཅིག་གི་བཀའ་དབང་བཀའ་དྲིན་སྩལ་བ།

2018-12-26
གློག་འཕྲིན།
མཆན།
Share
པར་བཀོད།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གནས་མཆོག་རྡོ་རྗེ་གདན་དུ་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་མི་གྲངས་བཞི་ཁྲི་ཙམ་ལ་འཇིག་བྱེད་དཔའ་གཅིག་གི་བཀའ་དབང་བཀྲིན་བསྩལ་ཡོད་པ་རེད།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གནས་མཆོག་རྡོ་རྗེ་གདན་དུ་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་མི་གྲངས་བཞི་ཁྲི་ཙམ་ལ་འཇིག་བྱེད་དཔའ་གཅིག་གི་བཀའ་དབང་བཀྲིན་བསྩལ་ཡོད་པ་རེད།
དགའ་ལྡན་ཕོ་བྲང༌།

ཕྱི་ཟླ་༡༢ཚེས་༢༦རེས་གཟའ་ལྷག་པའི་ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་གྱི་བོད་དགོན་དགའ་ལྡན་འཕེལ་རྒྱས་གླིང་རྣམ་རྒྱལ་གྲྭ་ཚང་གི་གཟིམ་ཆུང་ནས་དུས་འཁོར་དབང་ཆེན་གྱི་ཆོས་རར་ཆིབས་བསྒྱུར་དང་འབྲེལ་ཐོག་མར་བཀའ་དབང་སྒྲུབ་བཞག་མཛད་གནང་ཡོད་པ་དང་། སྒྲུབ་བཞག་ལེགས་པར་གྲུབ་པའི་རྗེས་ཐའི་དང་དབྱིན་ཇིའི་ཆོས་དད་པ་ཁག་ཅིག་ནས་ཤེས་རབ་སྙིང་པོ་གསུང་འདོན་གནང་འདུག  སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་དབང་གི་སྟ་གོན་མ་གནང་གོང་དུ་ནང་པ་སངས་རྒྱས་པའི་ཆོས་འདི་ཟབ་མོ་རྟེན་འབྱུང་གི་ལྟ་བ་གཞིར་བཞག་པའི་ད་ལྟའི་དུས་རབས་དང་མཐུན་པ་ཞིག་ཡིན་པ་མ་ཟད། གཞི་དེའི་ཐོག་ནས་རྒྱུན་དུ་ང་ཚོས་སྨོན་ལམ་ཚུན་ཆད་ནས་འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་རང་ཉིད་ཀྱི་མ་ལྟར་གཉེན་དུ་བལྟས་ནས་རྒྱུན་དུ་སེམས་བཟང་པོ་བྱེད་དགོས་པར་ལམ་སྟོན་བསྩལ་གནང་ཡོད་པ་རེད། ཡང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ནི་བསོད་ནམས་ཀྱི་རྒྱབ་རྟེན་ཡོད་པའི་གང་ཟག་དགོས་མཚན་དང་། མདོ་ཕྱོགས་ཀྱི་ཆོས་དེ་དག་གང་ཟག་སྤྱི་མཚན་ཡིན་སྐོར་སོགས་བཀའ་བསྩལ་གནང་ཏེ་གསང་སྔགས་ཀྱི་གོ་དོན་སྙིང་པོ་ཡང་ངོ་སྤྲོད་མཛད་གནང་ཡོད་པ་རེད། གཞི་རྩའི་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ད་རེས་གནས་མཆོག་རྡོ་རྗེ་གདན་གྱི་ཆོས་འབྲེལ་ཁག་བདུན་ཕྲག་འདིའི་རེས་གཟའ་ཟླ་བ་ནས་དབུ་འཛུགས་མཛད་ཡོད་པ་དང་། ༧གོང་ས་མཆོག་ནས་ལག་ལེན་སོ་བདུན་མའི་བཀའ་ཁྲིད་དང་། གདན་ས་བཀྲིས་ལྷུན་པོ་ནས་གསོལ་འདེབས་ཞུས་པའི་ཚད་མ་རྣམ་འགྲེལ་བཅས་ཀྱི་འཕྲོ་སྐྱོང་བཀྲིན་བསྩལ་བ་དང་འབྲེལ་དེ་རིང་འཇིག་བྱེད་དཔའ་གཅིག་བཅས་ཀྱི་བཀའ་དབང་ལེགས་གྲུབ་མཛད་ཡོད་པ་རེད། དེ་ནས་གནངས་ཉིན་སླར་ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཉེ་བརྒྱུད་འཇམ་དབྱངས་ཆོས་སྐོར་གྱི་བཀའ་ཆོས་བསྩལ་གནང་རྒྱུ་ཡིན་པ་ལྟར་ཆོས་སྐོར་དེ་ལ་དམིགས་བརྩེ་མའི་བསྙེན་པའི་དམ་བཅའ་དགོས་པས་དམ་བཅའ་མི་ནུས་པ་དང་། ཐུན་མོང་ལམ་སྦྱོང་ལ་གོམས་འདྲིས་མེད་རིགས་རྣམས་ཆོས་གྲལ་དུ་མི་ཕེབས་པའི་ཆོས་བརྡ་བསྐྱངས་གནང་ཡོད་པ་རེད། ཞིབ་ཕྲའི་གནས་ཚུལ་འདི་གའི་ཆེད་གཏོང་གསར་འགོད་པ་པ་སངས་ཚེ་རིང་ལགས་ཀྱིས་སྙན་སྒྲོན་ཞུས་པར་གསན་རོགས༎

གསར་འགོད་པ་པ་སངས་ཚེ་རིང༌།

 

 

 

མཆན། (0)
Share
དྲ་གནས་ཆ་ཚང༌།