བོད་རིགས་ན་གཞོན་ཞིག་རྒྱ་གར་གྱི་གླུ་གཞས་འགྲན་བསྡུར་ནང་ཞུགས་རྒྱུ་རེད།

2018-02-27
གློག་འཕྲིན།
མཆན།
Share
པར་བཀོད།
གླུ་གཞས་དང་རོལ་དབྱངས་འགྲན་བསྡུར་གྱི་ཁྱབ་བསྒྲགས་ཤོག་ངོས། ༢༠༡༨།༢
གླུ་གཞས་དང་རོལ་དབྱངས་འགྲན་བསྡུར་གྱི་ཁྱབ་བསྒྲགས་ཤོག་ངོས། ༢༠༡༨།༢
དྲ་བཤུས།

བོད་རིགས་གཞས་པ་བསོད་ནམས་སྟོབས་ལྡན་ལགས་ཀྱིས་རང་གི་ངོ་དེབ་(Facebook)་སྤྱི་ཚོགས་དྲ་ལམ་ཐོག་གནས་ཚུལ་ཕྱི་བསྒྲགས་བྱས་པའི་ནང༌། ཁོང་(Remix)་ཞེས་པའི་དྲ་བརྙན་ཐོག་ནས་རྒྱང་སྲིང་བྱེད་པའི་གླུ་གཞས་འགྲན་བསྡུར་ཞིག་ནང་མཉམ་ཞུགས་བྱེད་ཀྱི་ཡོད་འདུག
གླུ་གཞས་འགྲན་བསྡུར་གོ་སྒྲིག་བྱེད་མཁན་(Greymatter)་སྤྲོ་སྐྱིད་ལས་ཁང་དང༌། ཡང་སྦྱིན་བདག་ (Amazon) ཁེ་གཉེར་ལས་ཁང་ཡིན་འདུག་ཅིང༌། གླུ་གཞས་འགྲན་བསྡུར་དེའི་ནང་ཁྱོན་བསྡོམས་རུ་ཁག་དགུ་ཡོད་པ་དང༌། རུ་ཁག་དགུ་པོ་དེ་དག་གི་དབར་ཕན་ཚུན་འགྲན་བསྡུར་ཐེངས་བཅུ་བྱེད་རྒྱུ་ཡིན་ཅིང་། འགྲན་བསྡུར་རེ་རེའི་སྐབས་རུ་ཁག་སྐྱོ་ཤོས་རེ་ཕྱིར་འབུད་གྱིས་མཐའ་མའི་འགྲན་བསྡུར་ནང་རུ་ཁག་རྩེ་ཕུད་གཉིས་འདེམས་ཐོན་གྱིས་ སྐབས་དེར་རྒྱལ་ཁ་ཐོབ་མཁན་ལ་རྒྱ་གར་གྱི་སྒོར་མོ་འབུམ་ལྔ་བཅུའི་བྱ་དགའ་ཐོབ་རྒྱུ་ཡིན་པ་མ་ཟད། ཕྱིན་ཆད་གླུ་གཞས་གཏོང་རྒྱུའི་གོ་སྐབས་ཡང་རག་སྲིད་བཟོ་ཡོད་པ་དང༌། རོལ་དབྱངས་ཀྱི་འགྲན་བསྡུར་ཐོག་མ་དེ་ཕྱི་ཟླ་ ༣ པའི་ཚེས་ ༩ ཉིན་ (Amazon Prime Video) ཞེས་པའི་དྲ་བརྙན་ཐོག་རྒྱང་བསྲིང་བྱེད་འཆར་ཡོད་འདུག
བསོམ་ནམས་སྟོབས་ལྡན་ལགས་ཀྱིས་ཕྱི་ལོ་ ༢༠༡༦ ཙམ་ནས་བཟུང་གླུ་གཞས་གཏོང་འགོ་བཙུགས་ཡོད་ཅིང༌། ཁོང་གིས་བཏང་བའི་གླུ་གཞས་གྲགས་ཆེ་བའི་གྲས་སུ། དཔལ་སྐྱིད་ལགས་དང༌། ཀུན་གསལ། སྐྲ་སེར་པོ་ཟེར་བ་བཅས་ཡོད་འདུག་ཅིང༌། ད་ལམ་ཁོང་རྒྱ་གར་གྱི་རོལ་དབྱངས་འགྲན་བསྡུར་ནང་མཉམ་ཞུགས་བྱེད་ཀྱི་ཡོད་པའི་གནས་ཚུལ་ཕྱི་བསྒྲགས་དང་འབྲེལ། ད་བར་ཉན་མཁན་རྣམ་པས་ཁོང་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་འདུག  

གསར་འགོད་པ་ངག་ཆོས།

མཆན། (0)
Share
དྲ་གནས་ཆ་ཚང༌།