༸གོང་ས་མཆོག་ལ་ཐོངས་མཆན་གནང་མེད་པ་དེ་ཁྲིམས་མཐུན་ཡིན་མིན།

༸གོང་ས་མཆོག་ལ་ཐོངས་མཆན་དགོངས་བཞེས་མ་གནང་པ་དེ་ཁྲིམས་མཐུན་ཡིན་མིན་སྐོར་ཕྱི་ཟླ་༡པའི་ནང་ཁྲིམས་ཐག་གཅོད་རྒྱུ་ཡིན་པའི་སྐོར།

2011.12.25

༄༅༎དེ་སྔོན་ཕྱི་ཟླ་༡༠པའི་ནང་བོད་ཀྱི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྷོ་ཨབ་རི་ཀའི་ནང་ཆིབས་བསྒྱུར་བསྐྱངས་རྒྱུའི་མཛད་འཆར་ཐོག་ཨབ་རི་ཀའི་གཞུང་གིས་༸གོང་ས་མཆོག་གི་ལྦི་ཛ་(VISA)ཐོངས་མཆན་ལ་དུས་ཐོག་དགོངས་བཞེངས་མ་གནང་བར་བརྟེན་ ༸གོང་ས་མཆོག་ཆིབས་བསྒྱུར་མ་ཐུབ་པའི་གནད་དོན་རྐྱེན་པས་ཨིན་ཀ་ཐ་ Inkatha Freedom Party ཞེས་པའི་ལྷོ་ཨབ་རི་ཀའི་ཕྱོགས་འགལ་ཚོགས་པ་དང་གཞན་སྤྱི་མང་སྒྲིག་འཛུགས་ཁག་གིས་ཨབ་རི་ཀའི་གཞུང་གིས་༸གོང་ས་མཆོག་ལ་ཐོངས་མཆན་དགོངས་བཞེས་མ་གནང་པ་དེ་ཁྲིམས་མཐུན་ཡིན་མིན་སྐོར་ཁྲིམས་ཐོག་ནས་ཁ་ཆུ་བཙུག་ཡོད་པའི་རྗེས་ཁེཔ་ཀྲའོན་གྲོང་ཁྱེར་གྱི་ཆེས་མཐོའི་ཁྲིམས་ཁང་ནས་རིང་མིན་ཕྱི་ཟླ་༡པའི་ནང་ཁྲིམས་ཐག་གཅོད་རྒྱུ་ཡིན་པའི་སྐོར་གནས་ཚུལ་ཐོན་འདུག་༎
གནས་ཚུལ་དབྱེ་ཞིབ་པ་ཚོའི་གཟིགས་ཚུལ་ནང་ཁྲིམས་ཁང་ནས་ཐག་གཅོད་ཇི་འདྲ་བྱེད་མིན་ལ་རྒྱལ་ཁབ་མང་པོས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་རེད་ ཨབ་རི་ཀའི་ཕྱོགས་འགལ་ཨིན་ཀ་ཐ་ཆབ་སྲིད་ཚོགས་པའི་ཁྲིམས་རྩོད་པ་ཨེན་ཀྲོན་ཀེཛ་ཡིས་ གཞུང་ཕྱོགས་ནས་༸གོང་ས་ཏ་ལའི་བླ་མ་མཆོག་ལ་ལྦི་ཛ་ཕུལ་རྒྱུའི་དགོངས་བཞེས་ནར་འགྱངས་བྱས་པ་དེ་ལྦི་ཛ་མ་ཕུལ་རྒྱུའི་ཐག་གཅོད་བྱས་པ་དང་ཁྱད་མེད་ཡིན་སྟབས་ གཞུང་ཕྱོགས་ཀྱི་ཐག་གཅོད་དེ་ཁྲིམས་མཐུན་ཡིན་མིན་སྐོར་ཁྲིམས་ཐོག་ནས་ཐག་གཅོད་བྱ་རྒྱུའི་འགན་དབང་ཡོད་པར་འགྲེལ་བརྗོད་དང་འབྲེལ་ ལྷོ་ཨབ་རི་ཀའི་མང་ཚོགས་ཁྲོད་༸གོང་ས་མཆོག་ཡུལ་དེའི་ནང་ཆིབས་བསྒྱུར་གནང་གྱུར་རྒྱབ་གཏོད་ལས་ རྒྱབ་སྐྱོར་གནང་མཁན་རྡབ་ལོག་མང་བ་ཡོད་པའི་སྐོར་བསལ་ཚུལ་བསྡུ་ལེན་བྱས་པའི་ཞིབ་འཇུག་སྡོམ་རྩིས་ལུངས་འདྲེན་གནང་བཞག ལྷོ་ཨབ་རི་ཀའི་ནང་སྲིད་ལས་ཁུངས་ཀྱི་ཁྲིམས་རྩོད་པས་ གཞུང་ཕྱོགས་ནས་༸གོང་ས་མཆོག་ལ་ལྦི་ཛ་ཕུལ་དང་མ་ཕུལ་བའི་ཐག་གཅོད་བྱ་སྐབས་ ལྷོ་ཨབ་རི་ཀ་གཞུང་ཕྱོགས་ནས་ རྒྱ་ནག་དང་འབྲེལ་བའི་གནས་སྟངས་ལ་བསྟུན་མཁས་བྱ་རྒྱུའི་བྱ་རྒྱུའི་ཐོབ་ཐང་ཡོད་ལུགས་འགྲེལ་བརྗོད་བྱས་ཡོད་པ་རེད་ གནས་ཚུལ་ནང་གསལ་ལྟར་ན་ཁེཔ་ཀྲའོན་ཆེས་མཐོའི་ཁྲིམས་ཁང་ནས་ གནད་དོན་འདིའི་ཐོག་ཕྱི་ཟླ་༡པོའི་ནང་ཁྲིམས་ཐག་གཅོད་སྲིད་པ་དང་ ཐག་གཅོད་ཇི་འདྲ་ཡོང་མིན་ལ་ མང་པོས་ངང་འགུག་བྱེད་པ་མ་ཟད་ ཐག་གཅོད་དེའི་བརྒྱུད་རྒྱལ་ཁབ་གཞན་ཚོས་༸གོང་ས་མཆོག་གི་གནད་དོན་ཐད་ རྒྱ་ནག་དང་འབྲེལ་བ་བཟུང་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པའི་སྐོར་གསལ་འདུག ཨ་རིའི་ཨིན་ཌི་ཡ་ན་གཙུག་ལག་སློབ་གྲའི་སློབ་དཔོན་ བོད་གནས་མཁས་དབང་ཨེ་ལིཡེཀྲ་ས་པར་ལིང་གིས་ ལྷོ་ཨབ་རི་ཀའི་ཁྲིམས་ཁང་ནས་༸གོང་ས་མཆོག་ལ་རྒྱལ་ཁའི་ཐག་གཅོད་བྱས་ཚེ་ དེའི་ཤུགས་རྐྱེན་འོག་རྒྱལ་ཁབ་མང་པོས་རྒྱ་ནག་གི་གནོན་ཤུགས་ལ་ཁ་གཏད་བཅོག་རྒྱུའི་བློ་སྟོབས་དང་གདེངས་སྤོབས་ཆེ་རུ་འགྲོ་རྒྱུའི་སྐོར་འགྲེལ་བརྗོད་གནང་བཞག་༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ཆུ་ཤུགས་གློག་འདོན་ས་ཚིགས་གསར་རྒྱག་ཆེད་ཨ་ཚོགས་བདེ་ཆེན་ཆོས་འཁོར་གླིང་དང་སྡེ་བ་གཉིས་བཙན་གྱིས་གཏོར་བཞིན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎