རྒྱ་ནག་གི་རྫ་ཆུའི་ཐོག་ཆུ་མཛོད་འཛུགས་སྐྲུན་གྱི་ལས་འཆར།

རྫ་ཆུའི་ཐོན་ཁུངས་དང་འབྲེལ་བ་ཡོད་པའི་རྒྱལ་ཁབ་ཚོའི་དབུ་ཁྲིད་ཚོས་རྒྱ་ནག་གི་དབུ་ཁྲིད་མཉམ་དུ་གྲོས་མོལ་གནང་གི་ཡོད་པ་རེད།

2010.04.04

༄༅༎ལྷོ་ཤར་ཨེ་ཤི་ཡའི་ཁུལ་དུ་རྒྱུགས་པའི་མེ་ཀོང་གཙང་པོ་འམ་རྫ་ཆུའི་ཐོན་ཁུངས་དང་འབྲེལ་བ་ཡོད་པའི་རྒྱལ་ཁབ་ཚོའི་དབུ་ཁྲིད་ཚོས་རྒྱ་ནག་གི་དབུ་ཁྲིད་མཉམ་དུ་རྒྱ་ནག་གཞུང་གིས་རྫ་ཆུའི་ཐོག་ཆུ་མཛོད་རྒྱབ་པ་དེ་ཡིས་རྫ་ཆུ་སྐམ་འགྲོ་བའི་ཉེན་ཁའི་ཐོག་གྲོས་མོལ་གནང་གི་ཡོད་པ་རེད།

མེ་ཀོང་གཙང་པོ་དེ་ནི། ལྷོ་ཤར་ཨེ་ཤི་ཡའི་མི་དམངས་ས་ཡ་༦༠ལྷག་གི་འཚོ་གནས་དང་འབྲེལ་བ་ཆེན་པོ་ཡོད་དང། ཡིན་ནའང་རྒྱ་ནག་གཞུང་གིས་གཙང་ཆུའི་ཐོག་ཆུ་མཛོད་རྒྱབ་པ་དེ་ཡིས་འདས་པའི་མི་ལོ་བཅུ་ཕྲག་མང་པོའི་ནང་བྱུང་མྱོང་མེད་པའི་གཙང་ཆུ་སྐམ་ཏེ་ཆུའི་མཐོ་ཚད་ཧ་ཅང་གི་དམའ་པོ་ཆགས་པ་མ་ཟད། དེ་ཡིས་རྐྱེན་པས་གཙང་ཆུ་རྒྱུགས་ཡུལ་གྱི་ས་ཁུལ་མང་པོའི་ནང་ཐེན་པ་བསྟེན་པའི་དཀའ་ངལ་བཟོ་གི་ཡོད་པ་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་བརྟེན། རེས་གཟའ་ཟླ་བའི་ཉིན་ཀེམ་སྦོ་ཌི་ཡ་ ཐའེ་ལེན་ཌི་ ལྦི་ཏི་ནམ་ རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པའི་རྣམས་ལྷན་འཛོམས་ཀྱིས་རྫ་ཆུ་གཙང་པོ་སྐམ་འགྲོ་བའི་ཉེན་ཁའི་རང་བཞིན་དང་མ་འོངས་ལས་དོན་བྱ་ཕྱོགས་ཐོག་ལ་བཀའ་བསྡུར་གནང་རྒྱུ་ཡིན་ཞིང། ལྷན་ཚོགས་དེ་གོ་སྒྲིག་གནང་མཁན་གྱིས། གཙང་ཆུའི་གནད་དོན་དེའི་ཐོག་ནས་ཚང་མས་རྒྱ་ནག་གི་ཐོག་ལ་དོ་སྣང་བྱེད་ཀྱི་ཡོད་པ་དང། ལྷན་ཚོགས་དེའི་ནང་དུ་འབྲེལ་ཡོད་རྒྱ་ནག་མཉམ་ཞུགས་བྱེད་ཀྱི་ཡོད་པ་དེ་ཡིས། ལྷན་ཚོགས་དེ་ནི་ཧ་ཅང་གི་གལ་འགངས་ཆེན་པོ་ཞིག་ཏུ་འགྱུར་རྒྱུ་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་དང། རྒྱལ་ཁབ་བཞིའི་ཕྱི་སྲིད་བློན་ཆེན་གཞོན་པ་རྣམས་དེ་རིང་རེས་གཟའ་ཉི་མའི་སྔ་དྲོ་ཐའེ་ལེན་ཌིའི་མཚོ་ཁའི་ས་ཁུལ་ཧུ་ཨ་ཧིན་དུ་ཕེབས་འབྱོར་གནང་ཡོད་པ་དང། རེས་གཟའ་ཟླ་བའི་ཉིན་དངོས་སུ་ལྷན་ཚོགས་གནང་སྟེ། ཁོང་ཚོའི་ལས་དོན་གྱི་དམིགས་ཡུལ་ལྡན་པའི་མཉམ་འབྲེལ་གྱི་གསལ་བསྒྲགས་ཐོག་ལ་མཚན་རྟགས་རྒྱབ་རྒྱུ་ཡིན་པ་དང། ཆེས་མཐོའི་རིམ་པའི་ལྷན་ཚོགས་ཐོག་ལ་འབར་མ་ཡང་མཉམ་ཞུགས་བྱེད་ཀྱི་ཡོད་པའི་སྐོར་གསུང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎