གསར་འགྱུར་ཡིག་ཚགས།
2013-02-05
རྒྱ་གར་གྱི་རྒོའུ་རྒྱུ་ར་ཐུ་མངའ་སྡེའི་གྲོང་ཁྱེར་བྷ་རོ་ཀྲ་གཙུག་ལག་སློབ་གྲྭ་ཞིག་གི་ནང་རྒྱ་གར་དང་། བོད། རྒྱ་ནག་གསུམ་གྱི་འབྲེལ་ལམ་ཞེས་པའི་ཐོག་བགྲོ་གླེང་ལྷན་ཚོགས་ཤིག་སྐོང་ཚོགས་གནང་ཡོད་འདུག
2013-02-05
ཀིརྟི་རིན་པོ་ཆེ་མཆོག་གིས་རྒྱ་ནག་གཞུང་ནས་བོད་མིའི་ཚེ་སྲོག་ལ་བརྩི་མེད་རྡོག་རོལ་བཏང་ནས་ཉེས་མེད་ཉེས་བཙུགས་ཀྱིས་ཁྲིམས་ཆད་བཀལ་ཡོད་ལུགས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་གནང་འདུག
2013-02-05
བོད་ཀྱི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཧིན་རྡུའི་ཆོས་ཕྱོགས་ཀྱི་ཁུམ་བུ་མེ་ལྷ་དུས་སྟོན་གྱི་མཛད་སྒོར་ཆིབས་བསྒྱུར་གནང་རྒྱུ་ཕྱིར་བཤོལ་གནང་དགོས་བྱུང་ཡོད་འདུག
2013-02-04
དེ་སྔོན་རྒྱ་ནག་ཉེན་རྟོག་པས་བོད་མི་ཞི་བའི་ལས་འགུལ་བའི་ཁྲོད་འགད་རྫས་གཡུག་ནས་རྨས་སྐྱོན་ཕོག་པའི་བོད་མི་རྒྱ་རིགས་ཐར་ཟི་ལིང་གི་སྨན་ཁང་དུ་མྱུར་སྐྱོབ་མ་ཐུབ་པར་སྐུ་གྲོངས་ཡོད་འདུག
2013-02-04
རྒྱ་ནག་གཞུང་གིས་བོད་ནང་དྲག་རྩུབ་ཆེ་བའི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པ་དེས་བོད་མིའི་འཚོ་ཐབས་ལ་སྣང་ཆུང་ཁྱད་སོད་བྱེད་ཀྱི་ཡོད་པ་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་ཐེར་འདོན་བྱས་འདུག
2013-02-04
རྒྱ་ནག་གཞུང་གི་གནོན་ཤུགས་འོག་བལ་ཡུལ་གྱིས་ཡུལ་དེར་གནས་སྡོད་བོད་མི་ཚོར་སྡང་ཟུག་ཆེན་པོ་བྱེད་བཞིན་ཡོད་ལུགས་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པས་འཛམ་གླིང་སྙན་ཐོའི་ནང་བཏོན་འདུག
2013-02-02
རྒྱ་གཞུང་གི་འབྲེལ་ཡོད་ཚན་པས་རྨ་ལྷོ་རེབ་གོང་གཡེར་གཤོང་དགོན་པའི་གྲྭ་ཡར་འཕེལ་ལགས་དང་། གཡེར་གཤོང་དགོན་པའི་གྲྭ་རབ་དབྱངས་གཉིས་འཛིན་བཟུང༌བྱས་འདུག
2013-02-02
རྨར་ཁམས་རྫོང་དུ་རྒྱ་མི་ཞིག་གིས་བཤས་ར་བརྒྱབ་པར་བརྟེན་ས་གནས་བོད་མི་ཚོར་འཐུང་ཆུའི་དཀའ་ངལ་འཕྲད་བཞིན་པའི་གནས་ཚུལ།
2013-02-02
རྒྱ་གཞུང་གིས་དྲང་བདེན་མེད་པའི་ཐོག་ནས་བོད་མི་གཉིས་ལ་ཁྲིམས་ཐག་བཅད་པར་འགྲོ་བ་མིའི་ཐོབ་ཐང་བལྟ་རྟོགས་ཚོགས་པས་སྐྱོན་བརྗོད།
2013-02-01
མཚོ་ལྷོ་ཁུལ་གྱི་སློབ་མ་ཁག་གཅིག་ལ་རྒྱ་ནག་གི་འབྲེལ་ཡོད་ཁྲིམས་ཁང་ནས་ཁྲིམས་བཤེར་བྱས་ཡོད་པ་དང་། ཁྲིམས་ཁང་མདུན་བོད་མི་མང་པོ་འཛོམས་རྗེས་ཐག་གཅོད་གང་བྱས་ཕྱི་བསྒྲགས་བྱས་མེད་པ་རེད།
2013-02-01
རྒྱ་ནག་གཞུང་གིས་མདོ་སྨད་ཀན་ལྷོ་ཁུལ་གྱི་བོད་མི་དྲུག་དང་རྔ་བ་ཁུལ་གྱི་བོད་མི་གཉིས་ལ་སོ་སོར་མང་ཤོས་ལ་སྲོག་ཁྲིམས་ནས་ལོ་བཅུ་དང་ཉུང་ཤོས་ལོ་གསུམ་བཅས་ཀྱི་ཁྲིམས་ཆད་ལྗིད་མོ་བཅད་འདུག
2013-02-01
རྡ་རམ་ས་ལའི་ཁུལ་དུ་ཐོན་པའི་བོད་རང་དབང་དང་། རྒྱ་ནག་རང་དབང་ཅེས་བྲིས་པའི་དངུལ་ལོར་མི་དམངས་ཚང་མས་ཚོར་དོགས་ཟོན་བྱེད་དགོས་པའི་བརྡ་ཁྱབ་བཏང་ཡོད་འདུག
2013-02-01
སློབ་ཆེན་སློབ་མ་དབང་འདུས་ཚེ་རིང་མཁར་ལོ་ལགས་ཀྱིས་མ་སྐུལ་དངས་བླངས་ཐོག་རྒྱ་གར་བྷ་རོ་ཀྲ་ཁུལ་གྱི་བོད་མི་དགུན་ཚོང་བ་དང་། སློབ་ཆེན་སློབ་མར་བོད་དོན་གོ་རྟོགས་སྤེལ་བའི་ལས་འགུལ་སྤེལ་ཡོད་པ་རེད།
2013-02-01
རྒྱ་ནག་གི་རྒྱལ་ས་པེ་ཅིན་གཙོས་ས་ཆ་མང་པོ་ཞིག་ཏུ་མཁའ་དབུགས་འབག་རྩོག་ཐེབས་ནས་བར་སྣང་ཐལ་རྡུལ་གྱིས་ཁེབས་པའི་གནས་སྟངས་མུ་མཐུད་པ་དང་། མི་སུ་གང་ཡང་ཐར་ས་མེད་ཅེས་ཉེན་བརྡ་བཏང་འདུག
2013-02-01
རྒྱལ་ཁབ་ཀྱི་བདག་སྐྱོང་ངེས་པར་དུ་དམངས་གཙོ་དང་ཁྲིམས་ལུགས་ཀྱིས་འཛིན་སྐྱོང་ལ་རྟེན་དགོས་ཞེས་རྒྱ་ནག་གི་སྲིད་བློན་ཝུན་ཅ་པོའོ་ཡིས་ནན་བརྗོད་གནང་འདུག