རྒྱ་གར་དང་འབར་མའི་དྲག་པོའི་གཞུང་གི་འབྲེལ་བར་སྐྱོན་བརྗོད།

ལྕམ་ཨོང་སན་སུའུ་ཀི་མཆོག་གིས་རྒྱ་གར་གཞུང་ནས་འབར་མའི་དྲག་པོའི་གཞུང་དང་འབྲེལ་བ་དམ་ཟབ་བྱེད་པར་སྐྱོན་བརྗོད་གནང་ཡོད་པ་རེད།

2010-11-24
Share

༄༅།།འབར་མའི་མང་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་ཨོང་སན་སུའུ་ཀི་མཆོག་གིས་རྒྱ་གར་གཞུང་ནས་འབར་མའི་དྲག་པོའི་གཞུང་དང་འབྲེལ་བ་དམ་ཟབ་བྱེད་པར་སྐྱོན་བརྗོད་གནང་ཡོད་པ་རེད་

ཉེ་ཆར་ཕྱི་ཚེས་༡༣ཉིན་ཡུན་རིང་བཟང་བཙོན་འོག་བཞུགས་རྗེས་གློད་བཀྲོལ་ཐོབ་པའི་འབར་མའི་མང་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་ཨོང་སན་སུའུ་ཀི་མཆོག་གིས་དེ་རིང་རེས་གཟའ་ལྷག་པའི་ཉིན་གསར་འགོད་པའི་བཅར་འདྲི་དང་ལེན་གནང་བའི་ནང་ཁོང་གིས་གསུངས་ན་ ཁོང་ཉིད་འབར་མའི་དྲག་པོའི་གཞུང་གིས་བཟང་བཙོན་འོག་འཇོག་བའི་སྐབས་རྒྱ་གར་དེ་བཞིན་ཁོང་གི་དོན་རྐྱེན་ཐོག་རྒྱབ་བསྐྱོར་གནང་མཁན་གཙོ་བོ་ཞིག་ཡིན་པ་རེད་

ཡིན་ནའང་སྤྱི་ལོ་༡༩༩༠བཅུའི་ལོའི་ནང་རྒྱ་གར་གཞུང་གིས་འབར་མའི་དྲག་པོའི་གཞུང་དང་མཉམ་དུ་བདེ་འཇགས་དང་ནུས་ཤུགས་ཀྱི་འབྲེལ་བ་བཙུགས་ཡོད་པ་རེད་ དེ་ནས་མུ་མཐུད་རྒྱ་གར་གཞུང་གིས་འབར་མའི་དྲག་པོའི་གཞུང་མཉམ་དུ་རྡོ་སྣུམ་ལ་སོགས་པའི་ཚོང་འབྲེལ་གྱི་འབྲེལ་ལམ་བཙུགས་པ་མ་ཟད་རྒྱ་ནག་གི་ལྷན་དུའང་འབྲེལ་བ་ཤུགས་ཆེ་བཙུགས་ཡོད་པ་རེད་ ང་རང་དངོས་ནས་རྒྱ་གར་གྱི་ཆེད་དུ་སེམས་པ་སྐྱོ་བ་ཞིག་བྱུང་ ངའི་བསམ་པར་རྒྱ་གར་གཞུང་གིས་རྒྱ་གར་གྱི་སྐྱེ་བུ་དམ་པ་མ་ཧཏ་མ་གེན་རྡི་དང་ཐོག་མའི་སྲིད་བློན་དམ་པ་ཇ་ལྦ་ཧར་ལལ་ནེ་རུའུ་རྣམ་པ་གཉིས་ལྟར་ང་ཚོའི་རྒྱབ་ཏུ་ལངས་གནང་གི་རེད་བསམ་པ་བྱུང་ ངས་འབར་མའི་དྲག་པོའི་གཞུང་དང་མཉམ་དུ་ཁ་གཏད་གཅོག་པ་གང་ཡང་མིན་ ཡིན་ནའི་རྒྱ་གར་གཞུང་གིས་ང་ཚོའི་ལྷན་དུ་གྲོས་མོལ་གནང་བའི་རེ་བ་ཡོད་ཅེསགསར་འགོད་པར་བཀའ་ལན་གནང་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།