བོད་མི་བལ་གོས་དགུན་ཚོང་བར་ཁྲོམ་སའི་དཀའ་ངལ་འཕྲད་འདུག

2019-01-07
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་གར་གྱི་གྲོང་ཁྱེར་ཇེ་པོར་(Jaipur)ནང་བལ་གོས་སུ་ཊར་དགུན་ཚོང་ཁྲོམ་ར། ༢༠༡༨
རྒྱ་གར་གྱི་གྲོང་ཁྱེར་ཇེ་པོར་(Jaipur)ནང་བལ་གོས་སུ་ཊར་དགུན་ཚོང་ཁྲོམ་ར། ༢༠༡༨
CTA

རྒྱ་གར་གྱི་གྲོང་ཁྱེར་ཇེ་པོར་(Jaipur)ནང་བལ་གོས་སུ་ཊར་གྱོན་ཆས་ཀྱི་དགུན་ཚོང་གཉེར་མཁན་བོད་མི་ཚོར་འདི་ལོའི་དགུན་དུས་ཁྲོམ་སའི་དཀའ་ངལ་འཕྲད་འདུག
རྒྱ་གར་གྱི་གྲོང་ཁྱེར་ཇེ་པོར་(Jaipur)ནང་བལ་གོས་སུ་ཊར་གྱོན་ཆས་ཀྱི་དགུན་ཚོང་གཉེར་མཁན་བོད་མི་ཚོར་འདི་ལོའི་དགུན་དུས་ཁྲོམ་སའི་དཀའ་ངལ་འཕྲད་ནས་ཕྱི་ཟླ་༡༡པའི་ནང་དུ་མ་གཏོགས་ཁྲོམ་སྟོན་ཐུབ་མེད་པ་དང་། བོད་མིའི་ཚོང་པ་ཚོ་ལོ་མང་ཚོང་ལས་གཉེར་སའི་ཁྲོམ་ས་དེ་ནས་རྒྱང་ཐག་སྤྱི་ལེ་༡༥ཙམ་ཀྱི་ས་ལ་གནས་སྤོར་དགོས་བྱུང་བའི་རྐྱེན་གྱིས་ཟླ་བ་གཅིག་ལྷག་ཙམ་ཁྲོམ་སྟོན་མ་ཐུབ་པར་དཀའ་ངལ་དང་། དཔལ་འབྱོར་གྱོང་གུན་ཕོག་ཡོད་འདུག ཇེ་པོར་(Jaipur) གྲོང་ཁྱེར་ནང་བོད་མི་མི་ཚང་༢༥༠ཙམ་ཀྱིས་དགུན་དུས་ཟླ་བ་གསུམ་བཞིའི་རིང་བལ་གོས་སུ་ཊར་ཀྱི་གྱོན་ཆས་ཚོང་ལས་གཉེར་གྱི་ཡོད་འདུག བོད་མི་དེ་དག་ནི་རྒྱ་གར་བྱང་ཕྱོགས་སིམ་ལ་དང་། ཀུ་ལུ་མ་ན་ལི། ཌལ་ཧོ་སི། རྡ་རམ་ས་ལ་ དེ་བཞིན་རྒྱ་གར་ལྷོ་ཕྱོགས་ཧུན་སུར་དང་། མོན་གྷོ་ཊི་བོད་མིའིོ་གཞིས་ཆགས། རྒྱ་གར་བྱང་ཤར་སྒང་ཏོག་སོགས་ནས་ཕེབས་པའི་ཚོང་པ་ཤ་སྟག་ཡིན་པ་རེད། བོད་མི་ཚོས་ཐོག་མར་ཕྱི་ལོ་༡༩༧༨ལོར་Jaipur གྲོང་ཁྱེར་ནང་ལག་ཏུ་བལ་གོས་འཁྱེར་ནས་གྲོང་ཁྱེར་ནང་ཉིན་གང་སྐོར་སྐྱོད་བྱས་ནས་བལ་གོས་རེ་རེར་རྒྱ་གར་གྱི་སྒོར་མོ་གཉིས་གསུམ་ལ་ཚོང་ནས་ཚོང་ལས་འགོ་འཛུགས་བྱས་ཡོད་པ་དང་། ད་ཆ་རྒྱུན་ལས་ཉི་ཤུ་ལས་གྲུབ་པའི་བོད་མིའི་ཚོང་ལས་ཚོགས་པ་ཞིག་ཡོད་འདུག
(Jaipur)བོད་མིའི་ཚོང་ལས་ཚོགས་པས་ཚོགས་མི་ཚང་མར་ཚོང་འདྲ་མཉམ་ཡོང་ཐབས་སུ་དགུན་དུས་བལ་གོས་དོད་པོ་དྲུག་ལྷག་ཚོང་མི་ཆོག་པའི་ཁྲིམས་གཞི་བཟོས་ཡོད་པ་དང་ རིན་གོང་ཡང་མ་རྩ་ནས་བརྒྱ་ཆ་༤༠ལྷག་ཁེ་བཟང་ལེན་མི་ཆོག་པ་དང་། ལོ་ལྟར་ཁྲོམ་ས་ཡང་རྒྱན་རྒྱབ་ནས་མཁོ་སྤྲོད་གནང་གི་ཡོད་འདུག
(Jaipur)བོད་མིའི་ཁྲོམ་ར་ཕྱི་པོ་བར་སྒོ་ཕྱེ་བཞིན་ཡོད་སྟབས་མཚན་མོ་ཡང་བོད་མིའི་ཁྲོམ་རའི་ཕྱི་ནང་དུ་མི་ཚོགས་མང་པོ་འཛོམས་བཞིན་པ་དེས་ཁོང་ཚོར་འདི་ལོ་ཁྲོམ་ས་སྤོས་དགོས་བྱུང་བ་དེས་བོད་མིའི་ཁྲོམ་རར་རྒྱ་གར་བས་དགའ་མོས་ཆེན་པོ་བྱེད་བཞིན་པ་དེར་འགྱུར་བ་མ་ཕྱིན་པར་དགུན་ཆས་ཉོ་མཁན་མང་དག་ཡོང་དང་ཡོང་བཞིན་འདུག
སྤྱིར་བཏང་རྒྱ་གར་ནང་བལ་གོས་སམ་སུ་ཊར་གྱོན་ཆས་ཀྱི་ཚོང་ལས་གཉེར་མཁན་གྱི་བོད་མིའི་ཚོང་པ་རྣམས་ཀྱི་ལོ་རྒྱུས་ལ་བལྟས་པ་ཡིན་ན་མཚམས་རེར་གོད་ཆགས་དང་དཀའ་ངལ་གྱི་རྐྱེན་པས་སེམས་སྡུག་དགོས་པ་དང་། མཚམས་རེ་ཡིད་དབང་འཕྲོག་ཞིང་སེམས་འགུལ་ཐེབས་དགོས་པའི་གནས་སྟངས་དེ་འདྲ་ཡོད་ལུགས་བོད་ཀྱི་བརྙན་འཕྲིན་ཁང་གིས་གནས་ཚུལ་སྤེལ་འདུག

གསར་འགོད་པ་ཚེ་དབང་དངོས་གྲུབ།

མཆན། (0)
Share
དྲ་གནས་ཆ་ཚང༌།