འཇིགས་སྐུལ་དྲག་སྤྱོད་པ་སྦིན་ལ་རྡེན་དང་གྲོས་མོལ་དགོས་ལུགས།

སུད་སི་ལེན་ཌིའི་ཕྱི་སྲིད་བློན་ཆེན་མཆོག་གིས་ཨོ་ས་མ་སྦིན་ལ་རྡེན་གྱི་མཉམ་དུ་ཐད་ཀར་གྲོས་མོལ་གནང་སྲིད་པའི་གཏམ་བཤད་གནང་འདུག

2008.08.26

༄༅༎སུད་སི་ལེན་ཌིའི་ཕྱི་སྲིད་བློན་ཆེན་མཆོག་གིས་ ཨེལ་ཁ་རྡ་འཇིགས་བསྐུལ་ལས་འགུལ་གྱི་འགོ་གཙོ་ ཨོ་ས་མ་སྦིན་ལ་རྡེན་གྱི་མཉམ་དུ་ཐད་ཀར་གྲོས་མོལ་གནང་སྲིད་པའི་གཏམ་བཤད་གནང་བའི་གནས་ཚུལ་ཐོན་འདུག

སུད་སིའི་ཕྱི་སྲིད་བློན་ཆེན་ལྕམ་ མི་ཤེ་ལིན་ཁེལ་མི་རེ་མཆོག་གིས་འཛམ་གླིང་ནང་གི་དཀའ་རྙོག་སེལ་བའི་ཆེད་གནད་འགག་ཡོད་པའི་མི་སྣ་ཆེ་ཁག་གི་མཉམ་དུ་ཐད་ཀར་གྲོས་མོལ་གྱི་སྲིད་བྱུས་འཛིན་དགོས་པའི་ལམ་སྟོན་གནང་ཡོད་པ་དང་ ལྷག་དོན་དུ་ཁ་ཆེའི་འཇིགས་བསྐུལ་གྱི་སྒྲིག་འཛུགས་ཨེལ་ཁེ་རྡ་གྱི་འགོ་གཙོ་ཨོ་ས་མ་སྦིན་ལ་རྡེན་གྱི་མཉམ་དུ་མདུན་ལྕོག་གཅིག་གི་ཐོག་ནས་ཐད་ཀར་གྲོས་མོལ་བྱེད་དགོས་པའི་གཏམ་བཤད་གནང་འདུག སུད་སིའི་ཕྱི་སྲིད་བློན་ཆེན་ལྕམ་རེ་མཆོག་གིས་དཔལ་འབྱོར་བཀག་བསྡོམས་ཀྱི་ཉེས་ཆད་ ཟུར་དུ་བཏོན་པའི་སྲིད་བྱུས་ཀྱིས་ནུས་པ་ཐོན་གྱི་མེད་པའི་ལྟ་བ་འཛིན་མཁན་ཞིག་ཡིན་པ་དང་ ཁོང་གིས་ནམ་རྒྱུན་ནས་ཐད་ཀར་གྲོས་མོལ་གནང་རྒྱུ་དེར་གྲུབ་འབྲས་བཟང་ཤོས་ཐོན་གྱི་ཡོད་པའི་ཡིད་ཆེས་གནང་གི་ཡོད་པ་རེད་འདུག སུད་སི་གཞུང་གི་ཕྱོགས་ནས་བཀགབསྡོམས་བྱས་པའི་ཚོགས་པ་སྒྲིག་འཛུགས་གཅིག་ཀྱང་མེད་པ་དང་ ལྕམ་རེ་མཆོག་གིས་གསུངས་དོན་ལྟར་ན་ སུད་སིའི་གཟུང་གིས་ཁ་ཆེའི་ཚོགས་པ་ཧ་མ་སེ་དང་དེ་བཞིན་ཧེཛ་སྦོ་ལ་དང་ དེ་མིན་ཁ་ཆེའི་སྒྲིག་འཛུགས་ཁག་གི་མཉམ་དུ་གྲོས་མོལ་གནང་ཡོད་པ་རེད་འདུག ཡིན་ནའི་སུད་སི་ཕྱི་སྲིད་བློན་ཆེན་གྱི་གནང་ཕྱོགས་ཐོག་ཨ་མི་རི་ཀ་སོགས་རྒྱལ་ཁབ་ཁ་ཤས་ཀྱིས་ཐུགས་འདོད་གནང་གི་མེད་པ་དང་ལྷག་དོན་ལྕམ་རེ་མཆོག་ཕྱི་ཟླ་གསུམ་པའི་ཨི་རན་དུ་ཕེབས་ནས་ཨི་རན་གྱི་ཚོང་ལས་ཁང་དང་ ནུས་ཤུགས་ཀྱི་གྲོས་མཐུན་ལ་མཚན་རྟགས་བཀོད་པར་ཨ་མི་རི་ཀས་སྐྱོན་བརྗོད་གནང་བའི་ལོ་རྒྱུས་ཡོད་པ་བཅས་ཀྱི་གནས་ཚུལ་ཐོན་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎