བསྟན་འཛིན་ལུང་རྟོགས་ལགས་ཀྱིས་ཁྲིམས་ཞིབ་པ་གཞན་གཅིག་གི་ལས་འཁུར་དམ་བཅའ་བཞག་སོང་།

2020-01-10
གློག་འཕྲིན།
མཆན།
Share
པར་བཀོད།
བསྟན་འཛིན་ལུང་རྟོགས་ལགས་ཀྱིས་ཁྲིམས་ཞིབ་གཞན་གཅིག་གི་ལས་འཁུར་དམ་བཅའ་བཞག་སྐབས། ༢༠༢༠།༡།༡༠
བསྟན་འཛིན་ལུང་རྟོགས་ལགས་ཀྱིས་ཁྲིམས་ཞིབ་གཞན་གཅིག་གི་ལས་འཁུར་དམ་བཅའ་བཞག་སྐབས། ༢༠༢༠།༡།༡༠
RFA

བསྟན་འཛིན་ལུང་རྟོགས་ལགས་ཀྱིས་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱི་མདུན་ནས་ཁྲིམས་ཞིབ་པ་གཞན་གཅིག་གི་ལས་འཁུར་དམ་བཅའ་བཞག་སོང་།
ཕྱི་ལོ་༢༠༢༠་ཟླ་བ་ ༡ ་ཚེས་༡༠ ་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཚོགས་ཁང་ནང་དུ། ཆོས་རིག་དྲུང་ཆེ་ཟུར་བ་བསྟན་འཛིན་ལུང་རྟོགས་ལགས་ཀྱིས་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱི་མདུན་ཁྲིམས་ཞིབ་པ་གཞན་གཅིག་གི་ལས་ཁུར་དམ་བཅའ་བཞག་སོང་། དེའི་རྗེས་ཁྲིམས་ཞིབ་པ་གཞན་བསྟན་འཛིན་ལུང་རྟོགས་ཀྱིས་གསར་འགོད་པར་གསུངས་དོན། ད་བར་བོད་མིའི་སྒྲིག་འཛུགས་ཀྱི་དཀྱིལ་འཁོར་ནང་སྲིད་ཞུའི་ལས་བྱེད་ཀྱི་ངོ་བོའི་ཐོག་ནས་ཞབས་ཕྱི་བསྒྲུབ་ཡོད་པར་སོང་། ད་ཆ་ལས་འགན་མི་འདྲ་བ་ཆགས་མིན་ལ་མ་བལྟོས་བར་དཀྱིལ་འཁོར་ཅིག་གི་ནང་ཡོད་དུས་དམིགས་བསལ་མྱོང་ཚོར་མེད་རུང་ལས་དོན་མཐའ་དག་ཁྲིམས་སྒྲིག་དགོངས་དོན་ལྟར་གནང་རྒྱུའི་ཆོད་སེམས་ཡོད་པ་གསུངས་གནང་སོང་།
བསྟན་འཛིན་ལུང་རྟོགས་ལགས་ནི། ཕྱི་ལོ་༡༩༦༩ ་ལོར་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་སྐྱེས་ཤིང་། ༡༩༩༠་ལོར་བྷེལ་ཀོབ་དབུས་བོད་སློབ་ནས་འཛིན་རིམ་བཅུ་གཉིས་ཐོན། དེ་ནས་༡༩༩༣་ལོར་བྷེང་ལོར་མཐོ་སློབ་ནས་(BA)་ཐོན་རྗེས་༡༩༩༥་ལོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཞུའི་ལས་བྱེད་ནང་འཛུལ་ཞུགས་ཀྱིས་བདེ་སྲུང་ལས་ཁུངས་དང་ཤེས་རིག་ལས་ཁུངས་། དཔལ་འབྱོར་ལས་ཁུངས། ནང་སྲིད་ལས་ཁུངས། འོས་བསྡུ་ལས་ཁང་བཅས་དང་། ༢༠༡༧་ཟླ་༥ ་ཚེས་༢༢་ནས་ད་བར་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེའི་ལས་འགན་བཞེས་གནང་མྱོང་ཡོད་པ་རེད།
ཁོང་༢༠༡༩ ་ཟླ་བ་དགུ་པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ནས་བཅའ་ཁྲིམས་དགོངས་དོན་ལྟར། ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་མཆོག་དང་། སྲིད་སྐྱོང་མཆོག སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་བཅས་ནས་སྐབས་དེའི་འོས་དམིགས་འདེམས་སྒྲུག་ཁོ་ནའི་ཆེད་དུ་བསྐོ་བཞག་གནང་བའི་ཚོགས་ཆུང་གི་གཉིས་ལྡབ་ལས་མི་ཉུང་བའི་འོས་འཕངས་བའི་ནང་ནས་ཆོས་རིག་དྲུང་ཆེ་བསྟན་འཛིན་ལུང་རྟོགས་ལགས་དང་། རྩིས་ཞིབ་དྲུང་འཕར་ཚེ་དབང་དངོས་འགྲུབ་ལགས་གཉིས་ལ་སྤྱི་འཐུས་ངོ་ཡོད་རྣམ་པས་མཐའ་མའི་འོས་འཕེན་གནང་ཏེ་བསྟན་འཛིན་ལུག་རྟོགས་ལ་འོས་གྲངས་༢༨་དང་རྩིས་ཞིབ་དྲུང་འཕར་ཚེ་དབང་དངོས་འགྲུབ་ལགས་སུ་འོས་གྲངས་༡༡་བཅས་ཐོབ་ཏེ་མཐའ་མ་ཆོས་རིག་དྲུང་ཆེ་བསྟན་འཛིན་ལུང་རྟོགས་ལགས་སུ་འདེམས་ཐོན་བྱུང་ཏེ་ད་རེས་ཁོང་གིས་ལས་ཁུར་དམ་བཅའ་བཞག་གནང་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།