ཐེ་དབན་དང་རྒྱ་ནག་དམག་དཔོན་རིགས་མཇལ་འཆར།

ཐེ་དབན་དང་རྒྱ་ནག་གི་དམག་དོན་དཔོན་རིགས་ཀྱི་སྐུ་ཚབ་དབར་ཨ་རིའི་ནང་ཐུག་འཕྲད་གནང་རྒྱུའི་འཆར་གཞི་ཡོད་འདུག

2009-03-30
Share

༄༅༎ཐེ་དབན་དང་རྒྱ་ནག་གི་དམག་དོན་དཔོན་རིགས་ཀྱི་སྐུ་ཚབ་དབར་ཨ་རིའི་ནང་ཐུག་འཕྲད་གནང་རྒྱུའི་འཆར་གཞི་ཡོད་འདུག

དེ་ཡང་ད་ལོ་གསར་ཁའི་སྐབས་ཐེ་དབན་དང་རྒྱ་ནག་གི་དམག་དོན་སྐུ་ཚབ་དབར་ཨ་རིའི་མངའ་སྡེ་ཧ་ལྦའེ་ནང་༡༩༤༩ལོར་རྒྱ་ནག་དང་ཐེ་དབན་ཁག་ཁག་གྱུར་བའི་རྗེས་ཕྱོགས་གཉིས་ཀྱི་དམག་དོན་དཔོན་རིགས་ཀྱི་སྐུ་ཚབ་དབར་ཐུག་འཕྲད་ཐོག་མ་དེ་གནང་འཆར་ཡོད་པའི་སྐོར་ཐེ་དབན་གྱི་ཚགས་ཤོག་ཐོག་གཟའ་ཟླ་བའི་ཉིན་གནས་ཚུལ་སྤེལ་ཡོད་པ་རེད། ཐེ་དབན་གྱི་མཉམ་འབྲེལ་ཉིན་རེའི་ཚགས་ཤོག་ཐོག་གནས་ཚུལ་སྤེལ་བའི་ནང་ཐེ་དབན་དང་རྒྱ་ནག་གི་དམག་དོན་དཔོན་རིགས་ཀྱི་སྐུ་ཚབ་ཐུག་འཕྲད་གནང་བའི་སྐབས་ས་གནས་ཀྱི་བདེ་འཇགས་སྲུང་སྐྱོབས་ལས་དོན་དང་དེ་བཞིན་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་བདེ་འ་ཇགས་སྲུང་སྐྱོབས་ལས་དོན་ཉམས་ཞིབ་ལྟེ་གནས་ཁང་གི་ལས་དོན་སྤེལ་ཕྱོགས་སོགས་ཀྱི་གནད་དོན་ཐོག་ཕན་ཚུན་གྲོས་མོལ་གནང་འཆར་ཡོད་པ་ཨ་རིའི་ཉམས་ཞིབ་ལས་ཁང་ཞིག་གིས་འགྲེལ་བརྗོད་བྱས་པ་ལུང་འདྲེན་བྱས་ནས་གནས་ཚུལ་སྤེལ་ཡོད་པ་རེད། ཡིན་ནའི་གནད་དོན་དེ་བདེན་པ་ཡིན་མིན་སོགས་ཀྱི་ཐོག་ཐེ་དབན་སྲུང་སྐྱོབས་ལས་ཁང་གི་ལན་འདེབས་གནང་མེད་པའི་སྐོར་འཁོད་ཡོད་འདུག།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།