ཐེ་ཝན་ནང་རྒྱ་ནག་གི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་འཆར་གཞིར་ངོ་རྒོལ།

2019-04-08
གློག་འཕྲིན།
མཆན།
Share
པར་བཀོད།
ཐེ་ཝན་ནང་རྒྱ་ནག་གི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་འཆར་གཞིར་ངོ་རྒོལ་སྐབས། ༢༠༡༩།༤།༧
ཐེ་ཝན་ནང་རྒྱ་ནག་གི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་འཆར་གཞིར་ངོ་རྒོལ་སྐབས། ༢༠༡༩།༤།༧
RFA

ཐེ་ཝན་གྱི་གྲོང་ཁྱེར་ཆེ་ཤོས་གཉིས་པ་ཀའོ་ཤོང་ནང་མི་གྲངས་ཆིག་སྟོང་ཙམ་ཞིག་གིས་རྒྱ་ནག་གིས་ཐེ་ཝན་ནང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པ་དེ་བཀོད་འདོམས་བྱེད་རྒྱུའི་འཆར་གཞི་དེར་ངོ་རྒོལ་རྔམ་སྟོན་གནང་ཡོད་འདུག
དེ་ཡང་རེས་གཟའ་ཉི་མ་ཉིན་གྱི་མི་མང་གི་ངོ་རྒོལ་རྔམ་སྟོན་ཁྲོམ་སྐོར་དེ་(Citizen Front Taiwan)ཞེས་པ་དེས་གོ་སྒྲིག་གནང་བ་ཞིག་ཡིན་པ་དང་། སྐབས་དེར་ངོ་རྒོལ་ནང་ཞུགས་མཁན་ཚོས་ཀའོ་ཤོང་གྲོང་ཁྱེར་སྤྱི་ཁྱབ་པས་ཟླ་བ་སྔོན་མ་དེར་རྒྱ་ནག་སྐམ་སའི་ཧོང་ཀོང་དང་ཨོ་མིན་ལས་ཁུངས་སུ་བསྐྱོད་པ་དེར་ངོ་རྒོལ་གནང་ཡོད་འདུག ཐེ་ཝན་མི་མང་ནང་ཀའོ་ཤོང་གྲོང་ཁྱེར་སྤྱི་ཁྱབ་པ་(Han Kuo yu)རྒྱ་ནག་སྐམ་སའི་ཧོང་ཀོང་དང་།  ཨོ་མིན་ལས་ཁུངས་སུ་བསྐྱོད་པ་དེས་ཁོང་གིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཟེར་བ་དེ་ཁས་ལེན་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་གནང་འདུག གོང་ཞུས་ངོ་རྒོལ་རྔམ་སྟོན་ཁྲོམ་སྐོར་ནང་ཞུགས་མཁན་རྣམས་ཀྱིས་དེ་རིང་ཧོང་ཀོང་། སང་ཉིན་ཐེ་ཝན་ཞེས་དང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པ་དེ་ཁས་ལེན་མེད་། རྒྱ་ནག་གི་བཙན་འཛུལ་ལ་གདོང་ལེན་བྱེད་ཅེས་ངོ་རྒོལ་གྱི་འབོད་ཚིག་བསྒྲགས་ཡོད་འདུག
ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་དེའི་ནང་ཞུགས་མཁན་(Sun Flower)ཞེས་པའི་ལས་འགུལ་གྱི་འགོ་ཁྲིད་སྐུ་ཞབས་(Lin Fei Fan)ཡིས། ཀའོ་ཤོང་གྲོང་ཁྱེར་སྤྱི་ཁྱབ་པ་ཧན་ཡིས་གྲོང་ཁྱེར་གྱི་དཔལ་འབྱོར་འཕེལ་རྒྱས་ཆེད་རྒྱ་ནག་མཉམ་གྲོས་མཐུན་གྱི་ཡིག་ཆ་བཞག་པ་དེས་ཐེ་ཝན་རྒྱ་ནག་གི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པ་དེར་བཅུག་ཐབས་བྱེད་པ་ཞིག་ཡིན་སྐོར་སྐྱོན་བརྗོད་གནང་འདུག
ཡང་ངོ་རྒོལ་གྱི་ལས་འགུལ་དེའི་ནང་ཞུགས་མཁན་ཐེ་ཝན་གྱི་(Citizen Front Taiwan)་ཞེས་པའི་ཚོགས་པ་དེའི་འགོ་ཁྲིད་(Shen Pai yang)ཡིས་རྒྱ་ནག་གིས་འཛམ་གླིང་གི་རྒྱལ་ཁབ་མང་པོའི་ནང་དངོས་བདེན་མིན་པའི་གནས་ཚུལ་མང་དག་ཁྱབ་སྤེལ་བྱེད་པ་དེ་ཐེ་ཝན་ལའང་ལག་བསྟར་བྱེད་ཀྱི་ཡོད་སྟབས་ཐེ་ཝན་ལ་གནད་དོན་དེར་གདོང་ལེན་བྱེད་རྒྱུའི་ནུས་སྟོབས་ཆེན་པོ་མེད་པར་བརྟེན་ཉེན་འཚབ་ཆེ་ཤོས་ཀྱི་གནས་སུ་གྱུར་ཡོད་སྐོར་སྐྱོན་བརྗོད་གནང་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།