རྒྱ་ནག་གི་འཇིགས་སྐུལ་ལ་ཐེ་ཝན་གྱིས་འཇིགས་སྣང་མེད་པ་གསལ་སྟོན་བྱས་འདུག

2019-04-17
གློག་འཕྲིན།
མཆན།
Share
པར་བཀོད།
ཐེ་ཝན་གྱི་དམག་དོན་སྦྱོང་བརྡར་ཐོག་ཡུལ་དེའི་སྲིད་འཛིན་(Tsai Ing-wen)གྱིས་གཟིགས་ཞིབ་གནང་བཞིན་པ། ༢༠༡༨།༤།༡༣
ཐེ་ཝན་གྱི་དམག་དོན་སྦྱོང་བརྡར་ཐོག་ཡུལ་དེའི་སྲིད་འཛིན་(Tsai Ing-wen)གྱིས་གཟིགས་ཞིབ་གནང་བཞིན་པ། ༢༠༡༨།༤།༡༣
AP

རྒྱ་ནག་གིས་ཐེ་ཝན་གྱི་བདེ་འཇགས་ལ་འཇིགས་སྐུལ་བྱས་ཀྱང་ཐེ་ཝན་ཕྱོགས་ནས་འཇིགས་སྣང་མེད་པའི་རྣམ་འགྱུར་གསལ་སྟོན་བྱས་འདུག
དེ་ཡང་ཨ་རིའི་གསར་འགྱུར་རྒྱུད་ལམ་(Express)ཞེས་པའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན།  ཐེ་ཝན་གྱི་སྲིད་འཛིན་ལྕམ་ཚའེ་དབྱིང་ཝུན་(Tsai Ing-wen)གྱིས་རྒྱལ་ཁབ་ཕན་ཚུན་དབར་བདེ་འཇགས་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་པའི་དུས་དེར་ཐེ་ཝན་ལ་རང་སྲུང་གི་ནུས་པ་དང་སྟོབས་ཤུགས་ཡོད་པའི་སྐོར་རྒྱ་ནག་ཕྱོགས་སུ་ཉེན་བརྡ་བཏང་ཡོད་པ་རེད། ལྕམ་(Tsai Ing-wen)གྱིས་གོང་ཞུས་བཀའ་མོལ་དེ་བཞིན་ཐེ་པེ་ནང་ཚོགས་པའི་༢༠༡༩ལོའི་ཧིན་རྡུ་དང་ཞི་བདེ་རྒྱ་མཚོའི་བདེ་འཇགས་ལྷན་ཚོགས་ཐོག་གནང་བ་ཞིག་དང་། གཙོ་བོ་གཟའ་འཁོར་འདིའི་ནང་རྒྱ་ནག་གི་དམག་གི་གནམ་གྲུ་ཨི་ཤེ་ཡའི་ཡུལ་གྲུ་ཁག་དང་ཐག་ཉེ་བའི་མཁའ་དབྱིངས་སུ་འཕུར་བསྐྱོད་ཀྱི་ཐག་གཅོད་ཕྱིར་བསྒྲགས་བྱས་པར་དམིགས་པ་ཞིག་ཡིན་པ་རེད།   ཐེ་ཝན་གྱི་སྲིད་འཛིན་མཆོག་ནས་ལྷན་ཚོགས་དེའི་ཐོག་གནང་བའི་གསུང་བཤད་ཀྱི་ནང་དོན་གཙོ་བོ་ཐེ་ཝན་དང་ཨ་རིའི་དམག་དོན་གྱི་འབྲེལ་ལམ་སྐོར་གནང་ཡོད་པ་དང་། སྲིད་འཛིན་མཆོག་གི་གསུང་བཤད་ནང་། ཚང་མས་མཁྱེན་གསལ་ལྟར། ཁ་ས་རྒྱ་ནག་གིས་གཞི་རྒྱ་ཆེ་བའི་དམག་གི་གནམ་གྲུ་དང་དམག་གྲུ་ང་ཚོ་དང་ཐག་ཉེ་བའི་ཁུལ་དུ་ཆེད་གཏོང་བྱས་ཡོད་པ་དང་། རྒྱ་ནག་གི་བྱ་སྤྱོད་དེ་རིགས་ཀྱིས་ཐེ་ཝན་དང་དེའི་ཉེ་ཁུལ་གྱི་རྒྱལ་ཁབ་ཚོའི་བདེ་འཇགས་ལ་ཉེན་ཚབ་བཟོ་ཡི་ཡོད་ཀྱང་། དེས་ཐེ་ཝན་ལ་འཇིགས་སྐུལ་ནམ་ཡང་བྱ་ཐུབ་རྒྱུ་མིན་པར་། བྱ་སྤྱོད་དེ་རིགས་ཀྱིས་ཐེ་ཝན་ལ་རང་སྲུང་གི་ནུས་པ་ཇེ་ཆེར་གཏོང་རྒྱུར་སྐུལ་འདེགས་ཡོང་གི་ཡོད་པ་རེད་ཅེས་དང་། ད་དུང་ཐེ་ཝན་གྱི་སྲིད་འཛིན་ལྕམ་ (Tsai Ing-wen)་གྱིས། ང་ཚོའི་དམག་དཔུང་ལ་སྲུང་སྐྱོབ་ཀྱི་ནུས་པ་དང་འགན་ལེན་ཡོད་པས། ང་ཚོའི་མ་འོངས་ལ་སུས་ཀྱང་བཙན་དབང་བྱ་ཐབས་མེད་པ་རེད་ཅེས་གསུངས་འདུག
འདས་པའི་ལོ་ངོ་གཅིག་ལྷག་ཙམ་རིང་རྒྱ་ནག་དང་ཐེ་ཝན་དབར་གྱི་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་ཡོད་པ་དང་། རྒྱ་ནག་གི་འགོ་ཁྲིད་ཞི་ཅིང་ཕིང་གིས་རྒྱ་ནག་གིས་ཐེ་ཝན་ཐོག་དྲག་པོའི་སྟོབས་ཤུགས་བེད་སྤྱོད་བྱ་རྒྱུ་བློས་གཏོང་བྱས་མེད་ལུགས་བརྗོད་ཡོད་པར་བརྟེན། ཨ་རི་གཞུང་གིས་ཐེ་ཝན་ཐོག་དམག་དོན་གྱི་མཚོན་ཆ་ཕྱིར་ཚོང་བྱེད་ཡས་ཤུགས་ཆེ་རུ་བཏང་ནས་ཐེ་ཝན་གྱི་སྲུང་སྐྱོབ་ཐད་ཨ་རིའི་འགན་ལེན་ཡོད་པའི་རྣམ་འགྱུར་བཏོན་བཞིན་ཡོད་པའི་ཁར། ཉེ་བའི་ཆར་ཨ་རི་དང་ཐེ་ཝན་དབར་དམག་དོན་གྱི་འབྲེལ་ལམ་ཡང་ཕྱོགས་ཡོངས་ནས་སྲ་བརྟན་འགྲོ་བཞིན་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།