ཐེ་ཝན་གྱི་སྲིད་འཛིན་གྱིས་རྒྱ་ནག་ལ་སྐྱོན་བརྗོད་གནང་འདུག

2019-05-13
གློག་འཕྲིན།
མཆན།
Share
པར་བཀོད།
ཐེ་ཝན་གྱི་སྲིད་འཛིན་ཚེ་ཡེས་ཝིན་(Tsai Ing-wen) 2019/1/2
ཐེ་ཝན་གྱི་སྲིད་འཛིན་ཚེ་ཡེས་ཝིན་(Tsai Ing-wen) 2019/1/2
AP

རྒྱ་ནག་གིས་ཐེ་ཝན་གྱི་ནང་སྲིད་ལ་ཐེ་གཏོགས་བྱས་སོང་ཞེས་ཐེ་ཝན་གྱི་སྲིད་འཛིན་ལྕམ་ཚཡེ་དབྱིང་ཝེན་མཆོག་གིས་སྐྱོན་བརྗོད་དྲག་པོ་བྱས་འདུག
རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་དང་རྒྱ་ནག་སྲིད་གྲོས་ཀྱི་ཚོགས་གཙོ་ཝང་ཡང་གིས་ཕྱི་ཟླ་ ༥ པའི་ཚེས ༡༠འི་ཉིན་པེ་ཅིང་དུ་རྒྱ་ནག་ནང་གི་ཉིན་རེའི་ཚགས་པར་ལས་ཁང་གི་ཚོགས་པ་དང་ཐེ་ཝན་རྒྱ་ནག་དུས་བབས་ཚགས་པར་ལས་ཁང་ཚོགས་པ་ཐོུང་གིས་གོ་སྒྲིགས་བྱས་པའི་གསར་འགྱུར་བརྒྱུད་ལམ་གྱི་ཆེས་མཐོའི་ལྷན་ཚོགས་སྐབས།  ཐེ་ཝན་གྱི་གསར་འགྱུར་བརྒྱུད་ལམ་ཚོས་རྒྱ་ནག་གཞུང་གིས་བརྗོད་པའི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་སྐོར་བཀོད་སྤེལ་མང་ཙམ་བྱེད་དགོས་སྐོར་བརྗོད་ཅིང་།  ཐེ་ཝན་གྱི་སྲིད་འཛིན་ཚཡེ་དབྱིང་ཝེན་མཆོག་གིས་རྒྱ་ནག་གི་ངོས་ནས་ཐེ་ཝན་ས་ཁུལ་གྱི་གསར་འགྱུར་བརྒྱུད་ལམ་ཁག་ལ་ཤུགས་རྐྱེན་དང་གནོན་ཤུགས་སྤྲོད་ཐབས་བྱེད་བཞིན་པ་ང་ཚོས་རྒྱུན་རིང་ནས་ཤེས་ཀྱི་ཡོད་ལ། ད་རེས་རྒྱ་ནག་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་གཙོ་ཝང་ཡང་གིས་གཏམ་བཤད་དེས་ཁུངས་སྐྱེལ་སྣོན་མ་བྱས་ཡོད་པ་གསུངས་འདུག
ཐེ་ཝན་གྱི་སྲིད་འཛིན་གྱིས་སྨྲ་བརྗོད་དང་གསར་འགོད་རང་དབང་ནི་གཅེས་སྐྱོང་བྱེད་རིན་ཡོད་པའི་མང་གཙོའི་རིང་ལུགས་ཀྱི་རྩ་དོན་ཡིན་སྟབས། ང་ཚོ་ཐོུང་གི་ཐོག་ནས་རང་དབང་འདི་དག་སྲུང་སྐྱོབ་ལ་འབད་དགོས་པ་གསུངས་ཤིང་། ཐེ་ཝན་ཕྱི་སྲིད་ལས་ཁུངས་ཀྱིས་རྒྱ་ནག་གི་དམིགས་ཡུལ་གཅིག་རང་ཡོད་པ་དེ་ནི་ཐེ་ཝན་གྱི་རང་དབང་དང་མང་གཙོ་ཉམས་ཉེས་གཏོང་རྒྱུ་དེ་ཡིན་པ་བརྗོད་འདུག  དེ་བཞིན་ཐེ་ཝན་གཞུང་གི་རྒྱ་ནག་ལས་དོན་ལྷན་ཁང་གིས་གཟའ་སྤེན་པའི་ཉིན་སྤྱིར་བསྒྲགས་ཤིག་སྤེལ་ཡོད་པ་དེའི་ནང་། རྒྱ་ནག་སྲིད་གྲོས་ཀྱི་ཚོགས་གཙོ་ཝང་གིས་གསར་འགྱུར་བརྒྱུད་ལམ་གྱི་ཚོགས་འདུ་དེ་ཆབ་སྲིད་ཀྱི་དགོས་མཁོར་བེད་སྤྱོད་བྱས་པར་སྐྱོན་བརྗོད་བྱས་པ་དང་སྦྲགས། ཐེ་ཝན་གྱི་གསར་ཁང་ཚོས་རྒྱ་ནག་དམར་ཤོག་ཚོགས་པའི་འཐབ་ཕྱོགས་གཅིག་འགྱུར་ཁང་གི་ལས་དན་གྲུབ་རྒྱུར་ཞོགས་འདེགས་བྱ་རྒྱུ་མེད་པའི་སློབ་སྟོན་བྱས་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།