དད་ལྡན་པ་ཚོས་༧གོང་ས་མཆོག་ཐེ་ཝན་ལ་ཕེབས་རྒྱུའི་རེ་བ་བཅངས་འདུག


2017.07.03
ཐེ་ཝན་ལ་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་གནང་སྐབས། ༢༠༡༧།༧།༢ ཐེ་ཝན་ལ་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་གནང་སྐབས། ༢༠༡༧།༧།༢
tibet.net

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཐེ་ཝན་ནང་ཞབས་སོར་འཁོད་རྒྱུར་དེར་ཡོད་དད་ལྡན་མི་མང་ཚོས་རེ་བ་གནང་གི་ཡོད་འདུག
དེ་ཡང་འདི་ཚེས་༢ཉིན་ཐེ་ཝན་ནང་ཡོད་པའི་བོད་མི་དང་། དད་ལྡན་མི་མང་ཚོས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༨༢་ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྔ་སྣུར་གྱིས་སྲུང་བརྩི་ཞུས་གནང་ཡོད་ཅིང་། མཛད་སྒོའི་ཐོག་ཐེ་ཝན་སྐུ་ཚབ་དོན་གཅོད་སྐོུ་ཟླ་བ་ཚེ་རིང་ལགས་ཀྱིས་དེ་ག་ཐེ་ཝན་དུ་ཡོད་པའི་ནང་པའི་ཆོས་ཚོགས་ལ་སོགས་པའི་ཚན་པ་མང་པོ་ཞིག་གིས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཡུལ་གྲུ་དེའི་ནང་གདན་ཞུ་གནང་རྒྱུའི་ཐད་ང་ཚོས་མཉམ་དུ་འབད་བརྩོན་གནང་བཞིན་ཡོད་ཅེས་དང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་གྱི་ཉིན་མོ་དེ་ཕྱི་ཟླ་བདུན་པའི་ཚེས་༦་ཉིན་འཁེལ་གྱི་ཡོད་པ་རེད་ཅེས་གསུང་འདུག
ཡང་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས། ཐེ་ཝན་ནང་ཡོད་པའི་ནང་པའི་ཚོགས་པ་ཁག་དང་། དེ་བཞིན་མཐོ་སློབ་ཁག་གི་སྐུ་ཚབ་མང་པོ་ཞིག་བཞུགས་སྒར་རྡ་རམ་ས་ལར་བཅར་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་ཞུས་གནང་བ་དང་སྦྲགས་༧གོང་ས་མཆོག་ཐེ་ཝན་ནང་ཆིབས་བསྒྱུར་གནང་རྒྱུའི་མགྲོན་འབོད་ཡང་ཞུས་གནང་ཡོད་པ་བཞིན། ཐེ་ཝན་ནང་གི་དད་ལྡན་པ་ཚོས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཐེ་ཝན་ནང་ཆིབས་བསྒྱུར་གནང་རྒྱུའི་ཐུགས་འདོད་ཆེན་པོ་ཡོད་པ་རེད། ཡིན་ནའི་ད་ལྟའི་ཆར་༧གོང་ས་མཆོག་ཐེ་ཝན་ནང་ཆིབས་བསྒྱུར་གནང་རྒྱུའི་ཐད་གཞུང་འབྲེལ་གྱི་ཐོག་ནས་གསལ་བསྒྲགས་གང་ཡང་གནང་མེད། གང་ཡིན་ཞུས་པ་ཡིན་ན་༧གོང་ས་མཆོག་ཐེ་ཝན་ནང་ཆིབས་བསྒྱུར་གནང་རྒྱུའི་ཐོག་ནས་ཐེ་ཝན་གཞུང་ལ་དཀའ་རྙོག་བཟོས་ཡོང་དགོངས་ཀྱི་ཡོད་པ་རེད་ཅེས་སོགས་གསུངས་འདུག
དེ་བཞིན་ལྕམ་ཧོང་རུའེ་རའོ་ལགས་དང་། སློབ་སྟོན་པ་ལྕམ་གྲན་མིང་རུའུ་ལགས། དགེ་རྒན་ཆེན་མོ་སྐུ་ཞབས་སུའུ་ཅཱ་ཧུང་ལགས་བཅས་ནས་༧གོང་ས་མཆོག་གི་མཛད་འཕྲིན་དང་འབྲེལ་བའི་གསུང་བཤད་དང་། ཐེ་ཝན་གྲོས་ཚོགས་འཐུས་མི་སྐུ་ཞབས་ལིན་ཀྲང་ཛའོ་ (Freddy Lim)་དང་གྲོས་ཚོགས་འཐུས་མི་ལྕམ་གཡུས་མེ་ཉུལ་(Yu
Mei-nu)བོད་དང་ཐེ་ཝན་འགྲོ་བ་མིའི་འབྲེལ་མཐུད་འགན་འཛིན་སྲས་མོ་ལིན་ཤིན་དབྱི་ལགས་བཅས་ནས་བོད་དོན་རྒྱབ་སྐྱོར་གྱི་གསུང་བཤད་གནང་འདུག

གསར་འགོད་པ་དབྱངས་སྒྲོལ་དང་། ཀརྨ་རྒྱ་མཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གིས་བསྐོ་བཞག་བྱས་པའི་པཎ་ཆེན་བལ་ཡུལ་ནང་ཡོང་རྒྱུ་བལ་ཡུལ་གྱིས་ངོས་ལེན་བྱས་མེད་པ་བལ་ཡུལ་གྱི་གསར་ལམ་ཁག་ཅིག་གིས་གནས་ཚུལ་སྤེལ་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དགེ་བཤེས་རྭ་ཆུང་དགེ་འདུན་ལགས་བཙོན་འཇུག་གི་དུས་ཡུན་ཚང་སྟེ་གློད་གྲོལ་ཐོབ་ཡོད་ནའང་། ཁོང་བཙོན་གྲོལ་མ་ཐོབ་སྔོན་ཨ་མ་འདས་གྲོངས་སུ་གྱུར་ཏེ་མ་བུ་ཐུག་འཕྲད་ཐུབ་མེད་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎