ཐའེ་ཝན་གྱིས་ཕྱི་སྐྱོད་ལག་འཁྱེར་གྱི་བཟོ་བཀོད་གསར་བསྒྱུར་གྱིས་འགྲེམས་སྤེལ་བྱས་འདུག

2021-01-11
Share
ཐའེ་ཝན་གྱིས་ཕྱི་སྐྱོད་ལག་འཁྱེར་གྱི་བཟོ་བཀོད་གསར་བསྒྱུར་གྱིས་འགྲེམས་སྤེལ་བྱས་འདུག ཐའེ་ཝན་གྱིས་ཕྱི་སྐྱོད་ལག་འཁྱེར་གྱི་བཟོ་བཀོད་གསར་བསྒྱུར་གྱིས་འགྲེམས་སྤེལ་སྐབས། ༠༡།༡༠།༢༡
RFA

ཐའེ་ཝན་གྱིས་ཕྱི་བསྐྱོད་ལག་འཁྱེར་གྱི་བཟོ་བཀོད་གསར་བསྒྱུར་བྱས་བ་དངོས་སུ་འགྲེམས་སྤེལ་བྱས་ནས་རང་ཉིད་རྒྱ་ནག་ལས་ཐ་དད་པའི་རྒྱལ་ཁབ་ཅིག་ཡིན་པའི་རྣམ་འགྱུར་བསྟན་འདུག
ཐའེ་ཝན་གྱིས་ཕྱི་བསྐྱོད་ལག་འཁྱེར་(passport)གྱི་བཟོ་བཀོད་གསར་བསྒྱུར་བྱས་ནས་དངོས་སུ་འགྲེམས་སྤེལ་གྱིས་རང་ཉིད་རྒྱ་ནག་ལས་ཐ་དད་པའི་རྒྱལ་ཁབ་ཅིག་ཡིན་པའི་རྣམ་འགྱུར་བསྟན་ཡོད་པ་རེད།
རུས་ཀྲར་གསར་ལས་ཁང་གིས་ཐའེ་ཝན་ནས་སྤེལ་བའི་གནས་ཚུལ་ནང་། རེས་གཟའ་ཟླ་བའི་ཉིན་ཐའེ་ཝན་གཞུང་གིས་ཕྱིར་བསྐྱོད་ལག་འཁྱེར་བཟོ་བཀོད་གསར་པ་ཅན་ཞིག་འདོན་སྤེལ་བྱས་ནས། ཕྱི་བསྐྱོད་ལག་འཁྱེར་ཐོག་ཐའེ་ཝན་གྱི་མིང་གསལ་འདོན་ཡོང་བ་བྱས་ཡོད་པ་དང་། དེའི་དམིགས་ཡུལ་ནི་ཕྱོགས་གང་ས་ནས་ཐའེ་ཝན་དེ་བཞིན་རྒྱ་ནག་དང་ནོར་འཛོལ་ཤོར་ཉེན་ལས་གཡོལ་ཐབས་བྱེད་པའི་ཆེད་དུ་ཡིན་པ་རེད། ཐའེ་ཝན་གྱི་ད་ལྟའི་ཕྱིར་བསྐྱོད་ལག་ཁྱེར་གྱི་ཐོག་ཀྲུང་ཧྭ་མིང་གོ་ཞེས་དབྱིན་ཡིག་ཆེན་པོས་ཤན་སྦྱར་བྱས་ནས་བཀོད་པ་དང་། དེའི་གཤམ་འོག་ཏུ་ཐའེ་ཝན་ཞེས་བཀོད་ཡོད་ཙང་། རྒྱལ་སྤྱིའི་ཐོག་ཟང་ཟིང་གི་རྣམ་པ་ཞིག་ཐོན་གྱི་ཡོད་པ་རེད། ཏོག་དབྱིབས་ནད་ཡམས་འགོས་ཁྱབ་ཐོག་མར་བྱུང་སྐབས་སུ་ཐའེ་ཝན་གྱི་སྤྱི་འབངས་དང་རྒྱ་ནག་གི་སྤྱི་འབངས་བར་དབྱེ་བ་མ་ཆོད་པར་ཟང་ཟིང་ཡོང་ཡོད་པ་རེད། ཐའེ་ཝན་གྱིས་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་ལ་སྔོན་འགོག་གང་ལེགས་བྱུང་བ་རྒྱལ་སྤྱིའི་ནང་ངོས་ཟིན་བྱུང་ཡོད་པ་རེད།
ཐའེ་ཝན་གྱི་ཁེ་སྐྱོང་ལས་ཁང་གི་འགོ་འཛིན་ཡས་ཇན་རལ་གྱིས་རུས་ཀྲར་གསར་ལས་ཁང་ལ། ང་ཚོར་ཐའེ་ཝན་གྱི་ཕྱིར་བསྐྱོད་ལག་འཁྱེར་གསར་པ་ལེན་རྒྱུའི་ཞུ་ཡིག་༧༠༠ཙམ་འབྱོར་བྱུང་། རྒྱུན་གཏན་ཉིན་ལྟར་ལག་ཁྱེར་༡༠༠༠ཙམ་ཞུ་མཁན་ཡོང་གི་ཡོད་པ་རེད། དེ་ལྟར་བྱེད་དགོས་པའི་དམིགས་ཡུལ་ནི། ཐའེ་ཝན་གྱི་མིང་ཐོབ་གོང་མཐོར་བཏང་ནས་ང་ཚོའི་མི་སེར་རྣམས་ཡུལ་གྲུ་གཞན་དུ་ཕྱིར་བསྐྱོད་བྱེད་པའི་སྐབས་སུ། རྒྱ་ནག་པ་དང་མི་ནོར་བ་ཡོང་རྒྱུའི་ཆེད་དུ་ཡིན་ལུགས་འགྲེལ་བརྗོད་བྱས་འདུག
ལག་འཁྱེར་གསར་པ་ཐོག་མར་ཞུ་མཁན་གྲས་ལི་ལི་ཐིང་གིས། བསྒྱུར་བཅོས་འདི་ནི་ཞེ་དྲག་ཡག་པོ་རེད། ཐའེ་ཝན་ཞེས་པའི་མིང་བེད་སྤྱོད་མཁན་ཉིན་རེ་བཞིན་ཇར་མང་དུ་འགྲོ་གི་རེད། མ་འོངས་པར་ཀྲུང་ཧྭ་མིང་གོ་ཟེར་བ་དེ་ཡང་མེད་པ་ཆགས་སྲིད་ཅེས་བཤད་ཡོད་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།