ཐའེ་ལྦན་སྲིད་འཛིན་ནས་ཡུལ་མི་ཚོར་གསུང་བཤད་ཅིག་གནང་བ།

ཐའེ་ལྦན་གྱི་སྲིད་འཛིན་ནས་ཐའེ་ལྦན་གྱི་མི་མང་རྣམས་ཀྱི་བློ་འཚབས་དང་དངངས་སྐྲག་ཞི་འཇམ་ཅན་དུ་ཁ་ཕྱོགས་བསྒྱུར་ཐབས་གནང་ཡོད་པ་རེད།

2008.10.26

༄༅༎ཐའེ་ལྦན་གྱི་གོ་མིང་ཏང་ཚོགས་པའི་སྲིད་བྱུས་གཞིར་བཟུང་སྲིད་འཛིན་མཱ་དབྱིང་ཇུ་མཆོག་གིས་རྒྱ་ནག་མཉམ་དུ་འབྲེལ་བ་བཟང་དུ་གཏོང་ཐབས་གནང་བཞིན་པ་ཡིན་ནའང་ཐའེ་ལྦན་གྱི་མི་མང་ཚོའི་རང་ཐག་རང་གཅོད་ཀྱི་རང་དབང་དེ་རྒྱ་ནག་དང་མཉམ་དུ་ཚོང་རྒྱབ་ཀྱི་མིན་ཞེས་ཁ་ས་རྐི་ལཱང་ཟེར་བའི་ཐའེ་ལྦན་གྱི་བྱང་ཕྱོགས་གྲོང་ཁྱེར་དུ་གཟིགས་བསྐོར་གནང་སྐབས་རང་དབང་རང་བཙན་གཅེས་འཛིན་བྱེད་མཁན་ཐའེ་ལྦན་གྱི་མི་མང་རྣམས་ཀྱི་བློ་འཚབས་དང་དངངས་སྐྲག་ཞི་འཇམ་ཅན་དུ་ཁ་ཕྱོགས་བསྒྱུར་ཐབས་གནང་ཡོད་པ་རེད། ཁོང་གིས་སྐབས་དེར་ང་རང་རྩ་བའི་ཧོང་ཀོང་ནང་སྐྱེས་པ་ཡིན་ཙང་ཐའེ་ལྦན་ནང་སྐྱེས་པ་ཡིན་པ་ཞིག་ཆགས་ཀྱི་མེད་ཀྱང་ངས་ཐའེ་ལྦན་གྱི་འབྲས་དང་ཐའེ་ལྦན་གྱི་ཆུ་བཏུང་ནས་འཚར་ལོངས་བྱས་པ་ཡིན་ཙང་ངས་ག་འདྲ་བྱས་ནའང་ཐའེ་ལྦན་ལ་རྒྱབ་གཏོད་བྱེད་ཀྱི་མ་རེད་ཅེས་ཚིག་ཐག་གཙང་བཅད་ངང་མི་མང་ཚོ་བློ་བདེ་བག་ཕེབས་ངང་གནས་ཆོག་པའི་འགན་ལེན་གནང་ཡོད་པ་རེད། ཁོང་གིས་སྐབས་དེར་ང་རང་ཐའེ་ལྦན་གྱི་མི་མང་ཚོས་སྲིད་འཛིན་དུ་མང་མོས་འོས་འདེམས་བྱས་པ་ཡིན་ཙང་ངས་མི་མང་ཚོའི་བསམ་ཚུལ་དང་གཏམ་བརྗོད་ལ་དམ་དོན་ངང་ཉན་གྱི་ཡིན་ལ་མི་མང་ཚོའི་འདོད་དོན་དེ་རྣམས་གཞུང་གི་གྲོས་གཞི་གཙོ་བོའི་གྲས་སུ་བཞག་ཡིན་ཞེས་ཀྱང་ཞལ་བཞེས་གསལ་པོ་གནང་ཡོད་པ་རེད། ད་ལོའི་ཕྱི་ཟླ་ལྔ་པའི་ནང་ཐའེ་ལྦན་གྱི་གོ་མིང་ཏང་ཚོགས་པའི་ཚོགས་གཙོ་སྐུ་ཞབས་མ་དབྱིང་ཇུ་མཆོག་ཐའེ་ལྦན་གྱི་སྲིད་འཛིན་དུ་འོས་འདེམས་བྱས་པ་ནས་བཟུང་རྒྱ་ནག་དང་མཉམ་དུ་གང་ཅིའི་ཐད་ནས་འབྲེལ་བ་བཟང་དུ་གཏང་ཐབས་གནང་བཞིན་པའི་ཐོག་ལ་ཉེ་ལམ་རྒྱ་ནག་གི་རྒྱལ་སྲིད་སྤྱི་ཁྱབ་ལྷན་ཁང་ནང་གི་བློན་ཆེན་ཁོངས་ནས་ཐའེ་ལྦན་འབྲེལ་མཐུད་འགན་འཛིན་བགྲེས་གཞོན་རྣམ་པས་ཐའེ་ལྦན་དུ་དངོས་སུ་གཟིགས་བསྐོར་གནང་སྟེ་རྒྱ་ནག་དང་ཐའེ་ལྦན་དབར་གྱི་འབྲེལ་བའི་རྣམ་པ་དང་ཁ་ཕྱོགས་རིམ་པས་བསྒྱུར་བཞིན་པའི་འཕེལ་འགྱུར་ཐད་ཐའེ་ལྦན་གྱི་མི་མང་ཚོར་སེམས་འཚབས་སྐྱེ་སྟེ་ཐའེ་པེ་གྲོང་ཁྱེར་ནང་མི་མང་ཁྱོན་བསྡོམས་འབུམ་གཉིས་ནས་དྲུག་ཙམ་གྱིས་ཉེ་ཆར་ངོ་རྒོལ་ཤུགས་ཆེ་བརྩམས་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎