ཐེ་ཝན་གྱིས་ཨ་མི་རི་ཀ་དང་ཚོང་འབྲེལ་གྲོས་མོལ་མང་ཙམ་གནང་རྒྱུ་ཡིན་ཟེར།

2022.06.01
Share on WhatsApp
Share on WhatsApp
ཐེ་ཝན་གྱིས་ཨ་མི་རི་ཀ་དང་ཚོང་འབྲེལ་གྲོས་མོལ་མང་ཙམ་གནང་རྒྱུ་ཡིན་ཟེར། ཐེ་ཝན་དང་ཨ་རིའི་རྒྱལ་དར།
File Photo

ཕྱི་ཟླ་དྲུག་པའི་ཚེས་༡རེས་གཟའ་ལྷག་པའི་ཉིན། ཐེ་ཝན་གི་རྒྱལ་ས་ཐེ་པེ་ནས་རོའུ་ཊལ་གསར་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཐེ་ཝན་ཚོང་འབྲེལ་ལས་ཁང་གི་ཆེས་མཐོའི་དཔོན་རིགས་(John Deng)་ཡིས་རེས་གཟའ་ལྷག་པའི་ཉིན་རིང་མིན་ཐེ་ཝན་མཚོ་ཁའི་སྲིད་གཞུང་གིས་ཨ་མི་རི་ཀ་དང་མཉམ་དུ་ཚོང་དོན་དང་འབྲེལ་བའི་སྐོར་ཕྱོགས་གཉིས་བར་གྲོས་མོལ་ལྷུག་པོ་གནང་རྒྱུ་ཡིན་ལུགས་གསལ་སྟོན་གནང་འདུག དེ་ནི་ཉེ་ལམ་ཨ་མི་རི་ཀས་ཨེ་ཤེ་ཡའི་མངའ་ཁུལ་དུ་གལ་ཆེའི་དཔལ་འབྱོར་གྱི་ལས་དོན་འཆར་གཞི་འཐེན་པ་ནས་ཐེ་ཝན་ཟུར་འདོན་བྱས་པའི་རྗེས་སུ་བྱུང་བ་ཞིག་ཡིན་པ་རེད་འདུག
ཐེ་ཝན་ཚོང་འབྲེལ་ལས་ཁང་གི་ཆེས་མཐོའི་དཔོན་རིགསསྐུ་ཞབས་(John Deng)་ཡིས་ཐེ་ཝན་(Indo-Pacific Economic Framework)་ཞེས་རྒྱ་གར་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་སྒྲོམ་གཞིའི་ལས་དོན་ནང་མཉམ་ཞུགས་བྱེད་རྒྱུའི་ཆེད་ནུས་ཤུགས་ཆེན་པོ་བཏོན་གནང་བ་དང་འདོད་པ་ཆེན་པོ་ཡོད་ཀྱང་མ་ཚུད་པ་དེར་བློ་འགྱོད་ཆེན་པོ་ཡོད་པ་བརྗོད་འདུག
གོང་ཞུས་དཔལ་འབྱོར་མཉམ་ལས་ཚོགས་ཁག་དེ་ཨེ་ཤེ་ཡའི་རྒྱལ་ཁབ་༡༣ལས་གྲུབ་པ་ཞིག་དང་། ཨ་རིས་ཟེར་ན་དམིགས་ཡུལ་གཙོ་བོ་ཨ་རིས་རྒྱལ་ཁབ་དེ་དག་དང་ཚོང་ལས་དམ་ཟབ་ཡོང་ཆེད་ཡིན་ཞེས་བརྗོད་འདུག འོན་ཀྱང་རྒྱ་ནག་གཞུང་གིས་རྒྱ་ནག་གྲོགས་མེད་ཁེར་རྐྱང་ཏུ་འཇོག་ཐབས་ཀྱི་ཆབ་སྲིད་ཀྱི་ཁ་ཕྱོགས་ཞིག་ཡིན་པའི་སྐྱོན་བརྗོད་བྱས་འདུག
གང་ལྟར་ཨ་མི་རི་ཀས་བདུན་ཕྲག་སྔོན་མའི་ནང་ཞིབ་ཕྲའི་གསལ་བསྒྲགས་ཞིག་སྤེལ་ཡོད་པ་དེའི་ནང་། ཐེ་ཝན་མིང་འདོན་གནང་མེད་པ་དེས་ཀྱང་གཙོ་བོ་རྒྱ་ནག་ལ་བསྟུན་མཁས་བྱས་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་འདུག
རྒྱ་ནག་གཞུང་གིས་ཐེ་ཝན་རྒྱལ་ཁབ་ཅིག་ལ་ངོས་འཛིན་བྱེད་ཀྱི་མེད་པར་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་བཤད་ནས། རྒྱལ་སྤྱིའི་ཚོགས་པ་གང་དུ་ཡང་ཐེ་ཝན་མཉམ་ཞུགས་བྱེད་རྒྱུར་ངོ་རྒོལ་བྱེད་ཀྱི་ཡོད། ཐེ་ཝན་ནི་ཨ་རིས་དམག་དོན་དང་གོ་མཚོན་སོགས་ཕྱིར་ཚོང་བྱེད་ས་ཆེ་ཤོས་ཞིག་ཡིན་པ་རེད།

གསར་འགོད་པ། དབྱངས་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཐེ་ཝན་གྱིས་དམག་གི་གྲུ་གཟིངས་དང་གནམ་གྲུ་མཚོ་ཁུལ་དུ་ཆེད་གཏོང་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།