ཐེ་ཝན་སྲིད་འཛིན་གྱིས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་དང་བཀའ་མོལ།


2019.07.15
ཐེ་ཝན་གྱི་སྲིད་འཛིན་ལྕམ་(Tsai Ing-wen)་དང་ཧཱེ་ཏེ་(Haiti)་ཡུལ་གྱི་སྲིད་འཛིན(Jovenel Moses) རྣམ་གཉིས། ༢༠༡༩།༧།༡༣ ཐེ་ཝན་གྱི་སྲིད་འཛིན་ལྕམ་(Tsai Ing-wen)་དང་ཧཱེ་ཏེ་(Haiti)་ཡུལ་གྱི་སྲིད་འཛིན(Jovenel Moses) རྣམ་གཉིས། ༢༠༡༩།༧།༡༣
AFP

ཐེ་ཝན་གྱི་སྲིད་འཛིན་ལྕམ་(Tsai Ing-wen)་མཆོག་གིས་ནེའུ་ཡོག་ནས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་དང་ཞལ་པར་བརྒྱུད་བཀའ་མོལ་གནང་འདུག
ཐེ་ཝན་གྱི་སྲིད་འཛིན་ལྕམ་(Tsai Ing-wen)་མཆོག་གིས་ད་རེས་(Carribean)གླིང་ཕྲན་གྱི་རྒྱལ་ཁབ་ཁག་ཅིག་ནང་གཞུང་དོན་འཚམས་གཟིགས་གནང་བཞིན་པར་རེས་གཟའ་སྤེན་པའི་ཉིན་ཧཱེ་ཏེ་(Haiti)རྒྱལ་ཁབ་ནང་ཕེབས་ནས་
ཀ་རི་བི་ཡན་གླིང་ཕྲན་གྱི་རྒྱལ་ཁབ་ཁག་ནང་ཞི་བདེ་སྲ་བརྟན་ཡོང་བའི་ཐུགས་རེ་གསལ་བཏོན་གནང་བ་དང་ཆབས་ཅིག ཧཱེ་ཏེ་(Haiti)ནང་ཐེ་ཝན་གྱི་ཐོན་བསྐྱེད་འགྲེམས་སྟོན་ཞིག་དབུ་འབྱེད་དང་འབྲེལ་ཡུལ་དེའི་སྲིད་འཛིན་དང་མཇལ་མོལ་གྱིས་ཕྱོགས་གཉིས་དབར་གཞི་ཡུལ་འདྲ་མིན་ཐོག་མ་འོངས་མཉམ་འབྲེལ་གནང་རྒྱུའི་ཐུགས་རེ་གནང་འདུག
ཐེ་ཝན་གྱི་སྲིད་འཛིན་ལྕམ་(Tsai Ing-wen)་མཆོག་(Carribean)་ཁུལ་དུ་མ་ཕེབས་གོང་། ལམ་ཞོར་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་གྲོང་ཁྱེར་དུ་ཨ་རིའི་འབྲེལ་ཡོད་དཔོན་རིགས་ཁག་དང་ལྷན་མཇལ་མོལ་དང་། ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནན་སེ་(Nancy Pelosi)་མཆོག་དང་ལྷན་ཞལ་པར་བརྡ་འཕྲིན་ཐོག་གྲོས་མོལ་གནང་ཡོད་པ་དང་། སྐབས་དེར་ཨ་རིའི་གྲོས་ཚོགས་འོག་མས་༢༠༢༠ཐམ་པའི་ལོ་འཁོར་སྔོན་རྩིས་ནང་། རྒྱལ་ཡོངས་བདེ་འཇགས་སྲུང་སྐྱོབ་ཁྲིམས་གཞིའི་ནང་གསེས་ཚན་པ་ཞིག་ནང་ཨ་རིས་ཐེ་ཝན་ལ་གོ་མཚོན་མུ་མཐུད་དུ་ཚོང་བསྒྱུར་ཐད་རྒྱབ་སྐྱོར་གནང་རྒྱུའི་ཁྲིམས་གཞི་གཏན་འབེབ་གནང་ཡོད་པར་སྲིད་འཛིན་ལྕམ་(Tsai Ing-wen)་གྱིས་བཀའ་དྲིན་ཆེ་ཞེས་གསུངས་ཡོད་པ། ཐེ་ཝན་རྒྱལ་ཡོངས་བདེ་འཇགས་ལྷན་ཁང་གི་དྲུང་ཆེ་གཞོན་པ་དམག་དཔོན་(Tsai Ming-yen)་གིས་ཐེ་པེ་དུས་བབ་ལ་གསུངས་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་སྲིད་འཛིན་ ༤༧ པ་ཌོ་ནལཌི་ཊམཔ་མཆོག་གིས་གཞུང་འཛིན་གྱི་འགན་འཁུར་བཞེས་པའི་སྐབས་འདིར། ཨ་མི་རི་ཀས་བོད་དོན་ལ་མུ་མཐུད་རྒྱབ་སྐྱོར་གནང་རྒྱུར་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་མང་གིས་ཐུགས་རེ་གནང་བཞིན་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་མི་བཞི་ལ་དབྱིན་ཇིའི་རྒྱལ་པོ་Charles III ཡི་ཁྲི་འདོན་གྱི་རྟགས་མ་དང་ཕྱག་ཁྱེར་ཐོབ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎