ཐའེ་ལྦན་ནང་དམག་དོན་སྦྱོང་བརྡར་བྱེད་བཞིན་ཡོད་པ་རེད།

ཐའེ་ལྦན་གཞུང་ནས་རྒྱ་ནག་དང་དངོས་སུ་དམག་འཐབ་བྱུང་བ་ལྟ་བུའི་དམག་གི་སྦྱོང་བརྡར་ཞིག་གོ་སྒྲིག་བྱས་ཡོད་པ་རེད།
2008-12-24
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎ཐའེ་ལྦན་ནང་དངོས་སུ་དམག་འཐབ་བྱུང་བ་ལྟར་དམག་གི་སྦྱོང་བརྡར་བྱེད་བཞིན་ཡོད་པ་རེད། དེ་ཡང་དེང་སྐབས་རྒྱ་ནག་དང་ཐའེ་ལྦན་དབར་གྱི་འབྲེལ་ལམ་ཡར་རྒྱས་འགྲོ་བཞིན་པར་མ་ལྟོས་པར་དེ་རིང་རེས་གཟའ་ལྷག་པའི་ཉིན་ཐའེ་ལྦན་གཞུང་ནས་རྒྱ་ནག་དང་དངོས་སུ་དམག་འཐབ་བྱུང་བ་ལྟ་བུའི་དམག་གི་སྦྱོང་བརྡར་ཞིག་གོ་སྒྲིག་བྱས་ཡོད་པ་རེད། དམག་སྦྱོང་དེ་བཞིན་གནམ་དམག་དང་མཁའ་དམག་རྐང་དམག་སོགས་དམག་འཐབ་ཀྱི་ལས་འགུལ་འཐུས་ཚང་ལྡན་པའི་ཐོག་དངོས་སུ་དམག་འཐབ་བྱུང་བ་ལྟ་བུའི་སྒོ་ནས་སྦྱོང་བརྡར་གནང་ཡོད་པ་རེད། ཐའེ་ལྦན་ནང་གོ་མཚོན་གྱི་ཐོན་སྐྱེད་ཡར་རྒྱས་གཏོང་བཞིན་པ་དེ་དམག་རྒྱབ་རྒྱུའི་ཆེད་དུ་དམིགས་པ་གཅིག་བུར་མ་ཡིན་པར་ཐའེ་ལྦན་གཞུང་གིས་དམག་འཐབ་ལ་ཞེད་སྣང་མི་ཡོང་བའི་ཆེད་དུ་ཡིན་ལུགས་སྲིད་འཛིན་མའ་དབྱིངས་ཇིའུ་ཡིས་ཐའེ་ལྦན་སྲིད་འཛིན་གྱི་ལས་འགན་བཞེས་པའི་རྗེས་དེ་རིང་ཐོག་མའི་དམག་སྦྱོང་དེའི་ཐོག་གསུང་བཤད་གནང་ཡོད་པ་དང་ཡང་སྲིད་འཛིན་མའ་དབྱིངས་ཇིའུ་མཆོག་གིས་མུ་མཐུད་གསུང་ན་ང་ཚོས་ངེས་པར་དུ་དགྲ་བོས་ང་ཚོའི་ཐོག་གནོད་འཚེ་གཏོང་མི་ཐུབ་པའི་ཆེད་དུ་རང་སོ་སོ་སྲུང་སྐྱོབས་བྱེད་དགོས་པ་ཞིག་དགོས་ཀྱི་རེད་ཅེས་གསུང་ཡོད་པ་རེད། རྒྱ་ནག་གཞུང་གིས་ཇི་ལྟར་སྐྱོན་བརྗོད་བྱེད་པར་མ་ལྟོས་པར་འདི་ལོ་ཕྱི་ཟླ་བཅུ་པའི་ནང་ཨ་མི་རི་ཀའི་གྲོས་ཚོགས་ནས་ཨ་རིའི་ཌོ་ལར་ས་ཡ་དྲུག་ལྷག་ཙམ་གྱི་མ་གནས་ཐོབ་པའི་གོ་མཚོན་ཨ་མི་རི་ཀའི་དམག་དོན་ལྷན་ཁང་ནས་ཐའེ་ལྦན་དུ་མཁོ་སྤྲོད་བྱེད་སྲིད་པའི་ཐག་གཅོད་བྱུང་ཡོད་པ་རེད། གོ་མཚོན་དེ་ཚོའི་ཁོངས་སུ་ཐད་འཕུར་གནམ་གྲུ་དང་མཚོ་འོག་ནས་འཕེལ་རྒྱུའི་མེ་ཤུགས་འཕུར་མདེལ་སོགས་ཚུད་ཡོད་པ་རེད། ཐའེ་ལྦན་གྱི་སྲིད་འཛིན་མའ་དབྱིངས་ཇིའུ་མཆོག་གིས་ཐའེ་ལྦན་ནང་གོ་མཚོན་གྱི་ཐོན་སྐྱེད་ཡར་རྒྱས་གཏོང་བ་དེས་མ་འོང་པར་རྒྱ་ནག་མཉམ་དུ་ཞེད་སྣང་མེད་པའི་ཐོག་ནས་གྲོས་མོལ་བྱེད་རྒྱུའི་ནུས་པ་ཐོན་གྱི་རེད་ཅེས་གསར་འགོད་པར་གསལ་སྟོན་གནང་ཡོད་པ་བཅས་ཀྱི་གནས་ཚུལ་ཐོན་བཞག

མཆན། (0)
Share
དྲ་གནས་ཆ་ཚང༌།