ཐེ་དབན་གྱི་སྲིད་འཛིན་ལྷོ་ཨ་མི་རི་ཀའི་གླིང་ཕྲན་དུ་ཕེབས་འཆར།

ཐེ་དབན་གྱི་སྲིད་འཛིན་མཆོག་ལྷོ་ཨ་མི་རི་ཀའི་ཁུལ་གྱི་ཐེ་དབན་གྱི་མཐུན་ཕྱོགས་གླིང་ཕྲན་ཁག་ཅིག་ནང་འཚམས་འདྲིར་ཕེབས་རྒྱུའི་འཆར་གཞི།

2008-07-13
Share

༄༅༎ཐེ་དབན་གྱི་སྲིད་འཛིན་མ་དབྱིང་ཅུ་ཟླ་བ་རྗེས་མའི་ནང་ལྷོ་ཨ་མི་རི་ཀའི་ཁུལ་གྱི་ཐེ་དབན་གྱི་མཐུན་ཕྱོགས་གླིང་ཕྲན་ཁག་ཅིག་ནང་འཚམས་འདྲིར་ཕེབས་རྒྱུའི་འཆར་གཞི་ཡོད་པ་དང༌། དེ་ནི་ཁོང་གིས་ཐེ་དབན་གྱི་སྲིད་འཛིན་གྱི་ཐུགས་འགན་བཞེས་པའི་རྗེས་ཕྱིའི་རྒྱལ་ཁབ་ནང་འཚམས་འདྲིར་ཕེབས་པ་ཐེངས་དང་པོ་ཡིན་པ་རེད།

རྒྱ་ནག་གི་གསར་ཤོག་ཅིག་ཐོག་ལ་སྲིད་འཛིན་མ་དབྱིང་ཅུ་རིང་མིན་ཕྱི་ཟླ་བརྒྱད་པའི་ནང་ལྷོ་ཨ་མི་རི་ཀའི་ཁུལ་གྱི་རྒྱལ་ཁབ་༢༣ གྱིས་རྒྱ་ནག་གི་ཚབ་ཏུ་ཐེ་དབན་རྒྱལ་ཁབ་ཏུ་ངོས་འཛིན་བྱེད་མཁན་གྱི་ནང་ནས་ ཌོ་མི་ནི་ཁེན་སྤྱི་མཐུན་རྒྱལ་ཁབ་དང་ པེ་ར་གུ་ལྦེ་གཉིས་ནང་འཚམས་འདྲིར་ཕེབས་ཀྱི་ཡོད་པའི་སྐོར་བཤད་ཡོད་ཅིང༌། དེ་ནི་ཕྱི་ལོ་༡༩༤༩ལོར་རྒྱ་ནག་རྒྱལ་ནང་དམག་འཁྲུགས་བྱུང་སྟེ་རྒྱ་ནག་སྐམ་ས་ཆེན་པོ་དང་ཐེ་དབན་དུམ་བུར་ཕྱིན་པའི་རྗེས་རྒྱལ་སྤྱིའི་ནང་ཐེ་དབན་གྱི་ཚབ་ཏུ་རྒྱ་ནག་རྒྱལ་ཁབ་ཏུ་ངོས་འཛིན་བྱས་ཏེ་རྒྱ་ནག་རྒྱལ་སྤྱིའི་ཚོགས་པ་ཁག་ནང་འཛུལ་ཞུགས་བྱེད་པའི་གནས་ཚུལ་ཡོད་ཀྱང་ལྷོ་ཨ་མི་རི་ཀའི་ཁུལ་གྱི་རྒྱལ་ཁབ་༢༣ གྱིས་རྒྱ་ནག་གི་ཚབ་ཏུ་ཐེ་དབན་རྒྱལ་ཁབ་ངོས་འཛིན་གྱིས་མཐུན་ཕྱོགས་ཀྱི་འབྲེལ་ལམ་ཡོད་པ་ཞིག་ཡིན་པ་རེད། སྲིད་འཛིན་མ་དབྱིང་ཅུ་ལ་ཕེ་རན་སི་གསར་འགྱུར་ལས་ཁང་གིས་ཕྱི་ཟླ་བརྒྱད་པའི་ཟླ་དཀྱིལ་དུ་ལྷོ་ཨ་མི་རི་ཀའི་མཐུན་ཕྱོགས་རྒྱལ་ཁབ་གཉིས་ནང་འཚམས་འདྲིར་ཕེབས་རྒྱུའི་མཛད་འཆར་སྐོར་གནས་ཚུལ་ཞིབ་ཕྲ་ཇི་འདྲ་ཡིན་མིན་བཀའ་འདྲི་ཞུས་པར་གང་ཡང་ལན་འདེབས་གནང་མེདཔ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎