ཐའེ་ལྦན་ལ་གཏད་པའི་མེ་ཤུཌ་འཕུར་མདེལ་ཕྱིར་བསྡུ་དགོས་སྐོར།

ཐའེ་ལྦན་གྱི་སྲིད་འཛིན་ནས་རྒྱ་ནག་ཕྱོགས་ནས་ཐའེ་ལྦན་ཐོག་ཁ་གཏད་པའི་མེ་ཤུགས་འཕུར་མདེལ་རྣམས་ཕྱིར་བསྡུ་བྱེད་དགོས་པའི་འབོད་སྐུལ།
2009-10-30
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎དེ་རིང་རེས་གཟའ་པ་སངས་ཉིན་ཐའེ་ལྦན་གྱི་སྲིད་འཛིན་མཱ་དབྱིང་ཅུ་ཡིས་རྒྱ་ནག་ཕྱོགས་ནས་ཐའེ་ལྦན་ཐོག་ཁ་གཏད་དེ་འགྲེམས་འཇོག་བྱས་པའི་མེ་ཤུགས་འཕུར་མདེལ་རྣམས་ཕྱིར་བསྡུ་བྱེད་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།

རྒྱ་ནག་ཕྱོགས་ནས་མེ་ཤུགས་འཕུར་མདེལ་ཆིག་སྟོང་ལྔ་བརྒྱ་ཙམ་ཞིག་ཐའེ་ལྦན་ཐོག་རྒོལ་རྡུང་གཏོང་ཆོག་གིས་ཁ་གཏད་དེ་འགྲེམས་འཇོག་བྱས་ཡོད་ཅིང་དེ་རིང་སྲིད་འཛིན་མཱ་དབྱིང་ཅུ་ཡིས་དེ་སྔ་ཕྱི་ལོ་༡༩༤༠ཞེ་གྲངས་ནང་རྒྱ་ནག་རྒྱལ་ནང་དམག་འཁྲུག་སྐབས་ཀྱི་ཐའེ་ལྦན་གྱི་དམག་མི་རྙིང་པ་ཁག་ཅིག་ལ་མཇལ་འཕྲད་གནང་བའི་སྐབས་གསུངས་པར་ང་ཚོ་མཚོ་ཁག་གཉིས་བར་ལ་ཞི་བདེའི་ཁོར་ཡུག་སྐྲུན་རྒྱུའི་ཆེད་དུ་རྒྱནག་ཕྱོགས་ནས་ཐའེ་ལྦན་ཐོག་ལ་ཁ་གཏད་དེ་འགྲེམས་འཇོག་བྱས་པའི་མེ་ཤུགས་འཕུར་མདེལ་རྣམས་ཕྱིར་བསྡུ་གནང་བའི་ཐུགས་རེ་གནང་གི་ཡདོ་ཅེས་དང་ཐའེ་ལྦན་དང་རྒྱ་ནག་མཚོ་ཁག་གཉིས་བར་ལ་རྣོ་ངར་ཆེ་བའི་དམག་འཐབ་ཀྱི་གཡུལ་ས་དེ་བཞིན་ཞི་བདེའི་ཁོར་ཡུག་ཞིག་སྐྲུན་པའི་རེ་བ་ཡོད་ཅེས་ནན་བརྗོད་གནང་ཡོད་པ་རེད། རྒྱ་ནག་ཕྱོགས་ནས་ཤོད་བཞིན་པའི་ཐའེ་ལྦན་རྒྱ་ནག་གི་ཆ་ཤས་ཡིན་པ་དང་གང་མགྱོགས་ཆིག་སྒྲིལ་བྱ་རྒྱུ་ཡིན་ཚུལ་དང་གལ་ཏེ་དྲག་པོའི་ཐོག་ནས་ཆིག་སྒྲིལ་བཟོ་དགོས་ཀྱང་བཟོ་རྒྱུའི་གྲ་སྒྲིག་ཚུལ་གྱི་ཉེན་བརྡའི་འཇིགས་སྐུལ་བྱས་ཡོད་ཅིང་ཡིན་ནའང་ན་ནིང་ཕྱི་ལོ་ཉིས་སྟོང་བརྒྱད་ལོར་རྒྱ་ནག་དང་མཛའ་གྲོགས་ཀྱི་འབྲེལ་ལམ་འཛིན་མཁན་ཐའེ་ལྦན་གོ་མིང་ཏང་ལ་སྲིད་འཛིན་གྱི་འོས་བསྡུའི་རྒྱལ་ཁ་ཐོབ་ཏེ་གོ་མིང་ཏང་གི་ཚོགས་གཙོ་མཱ་དབྱིང་ཅུ་ཡིས་སྲིད་འཛིན་གྱི་ཐུགས་འགན་བཞེས་པ་ནས་བཟུང་རྒྱ་ནག་དང་ཐའེ་ལྦན་མཚོ་ཁའི་བར་གྱི་འབྲེལ་ལམ་ཡར་རྒྱས་ཕྱིན་པའི་རྣམ་པ་ཡོད་ཀྱང་རྒྱ་ནག་ཕྱོགས་ནས་ཐའེ་ལྦན་ཐོག་ཏུ་དྲག་པོའི་རྒོལ་རྡུང་གཏོང་ཕྱོགས་ཀྱིས་ཁ་གཏད་དེ་འགྲེམས་འཇོག་བྱས་པའི་མེ་ཤུགས་འཕུར་མདེལ་རྣམས་ཉུང་དུ་བཏང་མེད་པའི་ཁར་ཉེ་ཆར་ཐའེ་ལྦན་སྲུང་སྐྱོབ་ལྷན་ཁང་གིས་བཏོན་པའི་སྙན་ཐོའི་ནང་དུའང་རྒྱ་ནག་ཕྱོགས་ནས་ཐའེ་ལྦན་ཐོག་ལ་ཁ་གཏད་དེ་མེ་ཤུགས་འཕུར་མདེལ་འགྲེམས་འཇོག་བྱེད་རྒྱུ་མང་དུ་གཏོང་གི་ཡོད་པའི་སྐྱོན་བརྗོད་བྱས་པ་སོགས་གང་ལྟར་རྒྱནག་ཕྱོགས་ནས་ཐའེ་ལྦན་ཐོག་ཁ་གཏད་དེ་འགྲེམས་འཇོག་བྱས་པའི་གོ་མཚོན་དེ་དག་ནི་ཐའེ་ལྦན་དང་རྒྱ་ནག་བར་གྱི་འབྲེལ་ལམ་ཡར་རྒྱས་འགྲོ་རྒྱུར་འགོག་རྐྱེན་བཟོ་མཁན་གཙོ་བོ་ཞིག་ཡིན་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།