ཉི་ཧོང་གི་སྲིད་བློན་གསར་པས་མཚན་གནས་འགན་བཞེས་སྐོར།

ཉི་ཧོང་གི་མང་གཙོ་གུ་ཡངས་ཚོགས་པའི་ཚོགས་གཙོ་ཊ་རོ་ཨ་སོ་མཆོག་དེ་རིང་དངོས་སུ་ཉི་ཧོང་སྲིད་བློན་གྱི་མཚན་གནས་བཞེས་གནང་ཡོད་པ་རེད་

2008.09.24

༄༅༎ཉི་ཧོང་གི་མང་གཙོ་གུ་ཡངས་ཚོགས་པའི་ཚོགས་གཙོ་ཊ་རོ་ཨ་སོ་མཆོག་དེ་རིང་རེས་གཟའ་ལྷག་པའི་ཉིན་དངོས་སུ་ཉི་ཧོང་སྲིད་བློན་གྱི་མཚན་གནས་བཞེས་གནང་ཡོད་པ་རེད་

འདི་ལོ་དགུང་གྲངས་དྲུག་ཅུ་རེ་བརྒྱད་ལ་ཕེབས་པའི་སྲིད་བློན་ཊ་རོ་ཨ་སོ་མཆོག་ཡང་བདུན་ཕྲག་འདིའི་རེས་གཟའ་ཟླ་བའི་ཉིན་ཉི་ཧོང་མང་གཙོ་གུ་ཡངས་ཚོགས་གཙོར་འོས་འདེམས་གནང་ཡོད་པ་དང་ཁོང་གིས་ཉི་ཧོང་ནང་དཔལ་འབྱོར་དང་ཆབ་སྲིད་ཐད་བལྟ་བ་མཁྲེགས་བཟུང་གནང་མཁན་གྱི་བློན་ཆེན་ལྷན་ཚོགས་ཤིག་སྐོངས་འཚོགས་གནང་རྒྱུའི་དགོངས་པ་བཞེས་ཀྱི་ཡོད་པ་རེད་ ཡང་སྲིད་བློན་ཊ་རོ་ཨ་སོ་མཆོག་ནི་རྙིང་ཞེན་གྱི་བལྟ་བ་མཁྲེགས་བཟུང་གནང་མཁན་ཞིག་ཡིན་པ་དང་ཁོང་གིས་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་ཆབ་སྲིད་ཀྱི་ལས་དོན་སོགས་ཀྱི་གནད་དོན་ཐད་ཐུགས་འཚབ་ཆེན་པོ་གནང་གི་ཡོད་པ་རེད་ ཉི་ཧོང་གི་སྲིད་བློན་ཟུར་པ་ཡ་སུ་ཨོ་ཕུ་ཀུ་ཌ་མཆོག་སྲིད་བློན་གྱི་ཐུགས་འགན་བཞེས་ནས་ལོ་གཅིག་ཕྱིན་པའི་རྗེས་གསར་དུ་ཉི་ཧོང་གི་སྲིད་བློན་གྱི་ཐུགས་འགན་བཞེས་མཁན་ཊ་རོ་ཨ་སོ་མཆོག་གིས་སྲིད་བློན་གྱི་ཐུགས་འགན་བཞེས་པའི་རྗེས་ཐོག་མའི་ལས་འགན་དེ་བཞིན་བློན་ཆེན་ལྷན་ཚོགས་ཤིག་སྐོངས་ཚོགས་གནང་ནས་གྲོས་ཚོགས་འོག་མའི་ནང་ཉི་ཧོང་གི་མང་གཙོ་གུ་ཡངས་ཚོགས་པའི་ཚོགས་མི་མང་ཙམ་མཉམ་ཞུགས་ཐུབ་པའི་ཐུགས་རེ་ཆེན་པོ་གནང་གི་ཡོད་པ་བཅས་ཀྱི་གནས་ཚུལ་ཐོན་བཞག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎