བཀྲ་ཤིས་དབང་ཕྱུག་ལགས་སུ་བཅར་འདྲི་བྱེད་མཁན་གྱི་སེམས་ཚོར་དཔྱད་རྩོམ།

2018-01-11
གློག་འཕྲིན།
མཆན།
Share
པར་བཀོད།
བཀྲིས་དབང་ཕྱུག་ལགས་དེ་སྔ་པེ་ཅིན་ལ་ཞུ་གཏུགས་ཆེད་བསྐྱོད་སྐབས།
བཀྲིས་དབང་ཕྱུག་ལགས་དེ་སྔ་པེ་ཅིན་ལ་ཞུ་གཏུགས་ཆེད་བསྐྱོད་སྐབས།
The New York Times

བོད་ནང་བོད་ཀྱི་སྐད་ཡིག་སློབ་གསོའི་ཐོབ་ཐང་དང་སྐད་ཡིག་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་མཁན་བཀྲ་ཤིས་དབང་ཕྱུག་ལགས་ལ་ཉེ་སྔོན་ཕྱི་ཟླ་༡་པོའི་ཚེས་༤་ཉིན། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་ཁ་བྲལ་ངན་སྐུལ་བྱས་པའི་ཉེས་མིང་འོག་ཁྲིམས་བཤེར་བྱས་ཡོད་པ་དང་། ཁྲིམས་བཤེར་སྐབས་རྒྱ་ནག་གཞུང་ཕྱོགས་ནས་ཁོང་གི་ནག་ཉེས་ར་སྤྲོད་ཆེད་བཀྲིས་དབང་ཕྱུག་ལགས་ཀྱིས་དེ་སྔ་ནིའུ་ཡོག་དུས་བབས་ཀྱི་བརྙན་འཕྲིན་གསར་ཤོག་ལས་རིམ་ཐོག་དུས་ཡུན་སྐར་མ་༩་ཡི་བཅར་འདྲི་དང་ལེན་བྱས་པའི་བརྙན་ཐུང་དེ་དཔང་རྟགས་ཚུལ་དུ་ངོ་སྤྲོད་གཙོ་བོ་བྱས་ཡོད་པ་རེད། ཚེས་༡༠ཉིན། བཀྲིས་དབང་ཕྱུག་ལགས་ལ་བརྙན་འཕྲིན་བཅའ་འདྲི་བྱེད་མཁན་(New York Times)་གསར་ཤོག་གི་གསར་འགོད་པ་(Jonah M. Kessel)་ལགས་ཀྱིས། བཀྲིས་དབང་ཕྱུག་ལགས་འཛིན་བཟུང་བཙོན་འཇུག་དང་ཁྲིམས་བཤེར་བྱས་པའི་གནད་དོན་བཅས་ཀྱི་ཐོག་ཁོང་སྒེར་གྱི་སེམས་ཚོར་མཚོན་པའི་དཔྱད་རྩོམ་ཞིག་སྤེལ་གནང་འདུག
གསར་འགོད་པ་(Kessel)་ལགས་ཀྱིས་༢༠༡༥་ལོར་བཀྲིས་དབང་ཕྱུག་ལགས་ཀྱིས་ཁོང་དང་ཐུག་འཕྲད་མ་བྱུང་གོང་བོད་ཀྱི་སྐད་ཡིག་ཉམས་ཆགས་ཇི་ལྟར་འགྲོ་བཞིན་པའི་གནད་དོན་འདི་གོང་རིམ་རྒྱ་ནག་གཞུང་གི་དཔོན་རིག་ཚོས་ཤེས་རྟོགས་སླད་འབྲེལ་གཏུག་བྱ་ཐབས་དང་། དེ་བཞིན་རྒྱ་ནག་གི་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཁག་ལ་གསལ་འདོན་བྱ་ཐབས་གནང་ཀྱང་ཡ་ལན་མ་བྱུང་སྟབས་མཐར་གསར་འགོད་པ་(Kessel)་ཁོང་དང་ཐུག་འཕྲད་ཀྱིས་དེ་ལྟར་བརྙན་འཕྲིན་བཅར་འདྲི་བྱུང་བའི་རྒྱབ་ལྗོངས་གསལ་འདོན་གནང་འདུག
གསར་འགོད་པ་(Kessel)་ལགས་ཀྱིས་གསུངས་ན། ནེའུ་ཡོག་དུས་བབ་(New York Times)་གསར་ཤོག་ལ་བརྙན་འཕྲིན་བཅར་འདྲི་བྱས་པའི་ཉེར་ལེན་གྱིས་ད་ཆ་བཀྲིས་དབང་ཕྱུག་ལགས་ལ་ཁྲིམས་བཤེར་ཕོག་པའི་རྗེས་སུ། བོད་དོན་ལས་འགུལ་ཚོགས་པ་
དང་། གསར་འགོད་པ། གསར་འགོད་སྲུང་སྐྱོབ་ཚོགས་པ། དེ་བཞིན་གཞོན་ནུ་སློབ་ཕྲུག་སོགས་མང་པོས་གསར་འགོད་པ་ཁོང་ལ་བཀྲིས་དབང་ཕྱུག་ལགས་སུ་བཅར་འདྲི་བྱས་པའི་སེམས་ཚོར་ཇི་ཡོད་དང་གྱོད་སེམས་ཇི་ཡོད་སྐོར་འདྲི་རྩད་བྱེད་མཁན་མང་པོ་བྱུང་བཞིན་ཡོད་འདུག་ལ་དེའི་ཐོག་གསར་འགོད་པ་(Kessel)་རང་ཉིད་ངོས་ནས་བཀྲིས་དབང་ཕྱུག་ལགས་ལྟ་བུ་མི་སྒེར་གཅིག་གི་རང་དབང་བློས་གཏོང་བྱས་ཏེ་བོད་མིའི་ཐོབ་ཐང་སྐོར་གནས་ཚུལ་བཀོད་སྤེལ་དང་བགྲོ་གླེང་བྱེད་ཡས་འདི་ཚུལ་མཐུན་ཡིན་མིན་གྱི་སྐབས་རེ་སེམས་ལ་ཐེ་
ཚོམ་སྐྱེས་ཀྱི་འདུག་ཅེས་དང་། ཡང་ཕྱོགས་གཞན་ཞིག་ནས་བཀྲིས་དབང་ཕྱུག་ལགས་འཛིན་བཟུང་བྱས་པ་དེས་ཁོང་གི་བོད་ཀྱི་སྐད་ཡིག་ཐོབ་ཐང་རྩོད་ལེན་དང་སྲུང་སྐྱོབ་ཀྱི་ལས་འགུལ་གྱི་ནུས་པ་ཇེ་ཆེར་ཕྱིན་ཡོད་སྲིད་པ་དྲན་གྱི་འདུག་ཅེས་གསུངས་གནང་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

མཆན། (0)
Share
དྲ་གནས་ཆ་ཚང༌།