ཤེས་འཇོན་གཉིས་ལྡན་དང་ཡ་རབས་བཟང་སྤྱོད་ལྡན་པ་བྱེད་དགོས།


2014.10.23
རྡ་སྟེང་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་བའི་དུས་ཆེན།་༢༠༡༤།༡༠།༢༣ རྡ་སྟེང་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་བའི་དུས་ཆེན།་༢༠༡༤།༡༠།༢༣
ཨེ་ཤེ་ཡ་རང་དབང་རླུང་འཕྲིན

རྡ་སྟེང་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་བའི་དུས་ཆེན་རིང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན་འདུག
དེ་ཡང་ཚེས་༢༣ཉིན་རྡ་སྟེང་བོད་ཕྲུག་ཁྱིམ་སྡེ་སློབ་གྲ་དབུ་བརྙེས་ནས་ལོ་༥༤་འཁོར་བའི་དུས་ཆེན་སྲུང་བརྩི་དབུ་འཛུགས་དང་འབྲེལ་ཉིན་གསུམ་རིང་རིག་གཞུང་འཁྲབ་སྟོན་དང་། རྩེད་འགྲན་རིགས་ལམ་རྩོད་འགྲན་སོགས་གནང་སྟེ་བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན་འདུག དུས་ཆེན་སྲུང་བརྩིའི་མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་སྤྱི་དང་ཡང་སྒོས་བོད་མི་རིགས་ཀྱི་ཆེད་དུ་མཛད་འཕྲིན་བསྐྱངས་པ་ཡོངས་རྫོགས་བསམ་བཞིན་བཀའ་དྲིན་རྗེས་དྲན་ཞུ་དགོས་པ་དང་། སློབ་ཕྲུག་ཚོས་སློབ་སྦྱོང་གི་གོ་སྐབས་ཆུད་ཟོས་སུ་མ་བཏང་བའི་ཐོག་སྤྱི་ཚོགས་ཀྱི་ཁེ་ཕན་ལ་བསམ་བློ་གཏོང་རྒྱུ་ཁག་གལ་ཆེ་ཡིན། དེང་སྐབས་བོད་མིའི་སློབ་གྲ་ཁག་གི་གནས་སྟངས་དེ་སྔ་ལས་ལེགས་པ་ཡོད་སྟབས་ཤེས་འཇོན་གཉིས་ལྡན་དང་ཡ་རབས་བཟང་སྤྱོད་ལྡན་པའི་མི་རིགས་ཤིག་ཆགས་པ་གནང་སྟེ་བོད་ཀྱི་བདེན་དོན་ཆེད་ནུས་པ་སྔར་ལྷག་འདོན་ཐུབ་པ་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེ་ཡིན་སྐོར་སོགས་གཏམ་བཤད་གནང་འདུག
དུས་ཆེན་སྲུང་བརྩིའི་མཛད་སྒོའི་ཐོག་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་ལས་ཟུར་རྣམ་པ། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། དགའ་ལྡན་ཕོ་བྲང་གི་མཛད་གཙོ་རྣམ་པ། ལས་ཁུངས་ཁག་གི་དྲུང་ཆེ་ཆུང་རྣམ་པ། བོད་ཕྲུག་ཁྱིམ་སྡེའི་འགན་འཛིན་དང་དགེ་ལས་སློབ་ཕྲུག་རྣམ་པ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་འགན་འཛིན་རྣམ་པ་དེ་བཞིན་བཞུགས་སྒར་རྡ་རམ་ས་ལའི་ཁུལ་གྱི་སེར་སྐྱ་མི་མང་དང་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་སོགས་མི་མང་ཧ་ཅང་མང་པོ་ལྷན་བཞུགས་གནང་འདུག
བོད་མི་བཙན་བྱོལ་དུ་ཕེབས་པའི་རྗེས་སུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་བསྩལ་གནང་མཛད་པ་ལྟར་རྡ་སྟེང་བོད་ཕྲུག་ཁྱིམ་སྡེའི་སློབ་གྲ་དེ་བཞིན་ཐོག་མར་ཕྱི་ལོ་༡༩༦༠་ལོར་སྐུའི་གཅེན་མོ་ལྷ་སྐུ་ཚེ་རིང་སྒྲོལ་མ་མཆོག་གིས་གསར་འཛུགས་གནང་བ་དང་དེ་ནས་སྐུའི་གཅུང་མོ་ལྷ་སྐུ་རྗེ་བཙུན་པདྨ་མཆོག་གིས་ཐུགས་འགན་བཞེས་སྟབས་ད་ཆ་སློབ་གྲ་འདིར་ཡན་ལག་སློབ་གྲ་གསུམ་བཅུ་སོ་གྲངས་དང་། ཟུར་སློབ། རྒན་གསོ་ཁང་སོགས་མང་པོ་ཡོད་པ་རེད།

བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎