རིས་མེད་ཆོས་བརྒྱུད་ཁག་གི་བཙུན་མའི་བརྟན་བཞུགས།


2018.03.01
རིས་མེད་ཆོས་བརྒྱུད་ཁག་གི་བཙུན་མའི་བརྟན་བཞུགས། བོད་ཀྱི་ས་དགེ་དཀའ་རྙིང་གཡུང་དྲུང་བོན་དང་བཅས་པའི་བཙུན་མ་རྣམས་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་འདུག
དགའ་ལྡན་ཕོ་བྲང༌།

༄༅༎བོད་ཟླ་ ༡ ཚེས་ ༡༤ ཕྱི་ཟླ་ ༣ ཚེས་ ༡ ཉིན་རྒྱ་བལ་འབྲུག་གསུམ་ནང་གནས་པའི་བོད་ཀྱི་ས་དགེ་བཀའ་རྙིང་གཡུང་དྲུང་བོན་དང་བཅས་པའི་བཙུན་མ་ཐོུང་ནས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བཀྲིས་རྗེས་དྲན་གྱི་སྒོ་ནས་བརྟན་ཞུགས་བསྟར་འབུལ་ཞུས་ཡོད་པ་རེད།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཙུན་མ་ཚོས་ད་བར་ཧུར་ཐག་བྱས་པར་ལེགས་གསོའི་བསྔགས་བརྗོད་མཛད་པ་ཆབས་གཅིག། འདི་ལྟ་བུའི་ཧུར་བསྐྱེད་ཀྱི་ལྷག་བསམ་ཡོད་པ་གཟིགས་སྐབས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཡང་ད་དུང་ལོ་བཅུ་ཉི་ཤུའི་རིང་ཧུར་ཐག་མཛད་དགོངས་པའི་ཐུགས་ཤུགས་ཕེབས་ཀྱི་འདུག་ཅེས་ཐུགས་དགྱེས་ཚོར་ཆེན་པོས་བཀའ་གནང་འདུག
ད་རེས་ཀྱི་བརྟན་ཞུགས་འདིའི་རྡོ་རྗེ་སློབ་དཔོན་༧སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག་ནས་མཛད་ཅིང་།  གཞན་ཡང་བླ་ཆེན་སྐུ་བཅར་ཞུས་པའི་ཁོངས་སུ་འབྲི་གུང་སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག་དང་ཤར་པ་ཆོས་རྗེ་རིན་པོ་ཆེ། གཞན་ཡང་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པའི་སྐུ་ཚབ་རྣམས་ཡོད་པ་རེད།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བརྟན་ཞུགས་འབུལ་བ་ནི་ཆོ་ག་འདོན་པ་ཙམ་མིན་པར་གཙོ་བོ་ནི་དད་པ་དང་དམ་ཚིག་གཙང་མ་ཡོད་དགོས་དེ་ཡིན་ཞིང་། དེ་ལྟར་བྱུང་ན་བླ་མའི་སྐུ་ཚེ་སྲིང་རྒྱུར་ཕན་ཐོགས་ཡོད་པ་བཀའ་གནང་ཡོད་པ་རེད།
བཙུན་མ་རྣམ་པས་བརྟན་ཞུགས་དང་འབྲེལ་ནས་དོན་ཚན་གསུམ་གྱི་སྒོ་ནས་ཁས་ལེན་དམ་བཅའ་ཞུས་ཡོད་པ་དེ་དག་ནི། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་བཀའ་སློབ་ལམ་སྟོན་དད་དམ་མེད་པའི་ངང་ཤར་བསྐྱོད་བྱེད་རྒྱུ་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་བཞེངས་ཕྱོགས་དབུ་མའི་ལམ་ཐོག་ཤར་བསྐྱོད་བྱ་རྒྱུ།  དོལ་རྒྱལ་བསྟེན་གསོལ་མི་བྱེད་པ་མ་ཟད།  ཁོ་པའི་རྗེས་འབྲང་རྣམས་དང་ཆོས་དང་ཟང་ཟིང་གི་འབྲེལ་བ་མི་བྱེད་པའི་དམ་བཅའ་འབུལ་རྒྱུ་བཅས་གསུམ་ཡིན་པ་རེད།
བོད་ཀྱི་རིས་མེད་ཆོས་བརྒྱུད་ཁག་གི་བཙུན་མ་རྣམ་པས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཐོུང་གིས་བརྟན་ཞུགས་ཕུལ་བའི་བྱེད་སྒོ་ཁག་ནི་ཕྱི་ལོ་ ༢༠༡༥ འི་ལོ་མཇུག་ཙམ་ནས་འགོ་བཙུགས་གནང་པ་ཞིག་ཡིན་འདུག།
གསར་འགོད་པ་རིག་ལྡན་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎